དབུ་ཤོག>ཆེད་སྒྲིག
  • དམིགས་བསལ་གྱི་སྤེལ་རེས་ཚོགས་འདུ་ཞིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-04-08

    དེ་ཉིན་ནི་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཏང་ཀྲི་པུའུ་དང་པོས་མཉམ་སྡེབ་སློབ་སྦྱོང་བྱེད་པའི་ཉིན་མོ་ཡིན་ལ། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ལས་བྱེད་པ་དོན་གྲུབ་ཞོགས་པ་སྔ་པོ་ནས་ཚོགས་ཁང་དུ་ཡོང་སྟེ“དེ་རིང་བྱམས་པ་ལགས་ཀྱིས་པེ་ཅིང་དུ་བྱ་དགའ་ལེན་པར་ཕེབས་པའི་མྱོང་ཚོར་ང་ཚོ་དང་མཉམ་སྤྱོད་བྱ་རྒྱུ་ཡིན་པས། སྡོད་ས་ཡག་པོ་ཞིག་བཙལ་བ་ཡིན”ཞེས་བཤད།

    དོན་གྲུབ་ཀྱིས་བཤད་པའི“བྱམས་པ་ལགས”ནི་ཟླ་2ཚེས་25ཉིན་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གཟེངས་བསྟོད་ཚོགས་ཆེན་ཐོག་གཟེངས་བསྟོད་ཐོབ་པའི་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ཕུལ་བྱུང་མི་སྒེར་དང་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ངལ་རྩོལ་མི་དམངས་རིག་གནས་ཕོ་བྲང་བདེ་སྲུང་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་བྱམས་པ་ཚེ་རིང་རེད། 2015ལོ་ནས་བཟུང་། བྱམས་པ་ཚེ་རིང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་རྨང་བརྟན་དམངས་ཕན་གཞུང་དོན་ཁང་དུ་ལས་སྒྱུར་བྱས་པ་དང་། དེའི་རིང་ཁོང་གིས་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་མཚར་ཤང་ལྕང་དཀར་གྲོང་ཚོ་དང་སེང་ལྡང་གྲོང་ཚོ་དང་། ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་འོམ་བུ་ཤང་ལྷོ་ཕྱོགས་ཡུལ་མི་ཨུ་ལྷན་བཅས་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ལས་དོན་རུ་ཁག་བཅའ་སྡོད་བྱ་ཡུལ་གྲོང་ཚོ་གསུམ་གྱི་མི་སེར་ཚོའི་ཆེད་དུ་འབད་འཐབ་བྱས་པ་དང་། ཁོང་གིས་གྲོང་ཚོའི་གནས་ཚུལ་དང་མང་ཚོགས་ཀྱི་འདོད་བློ་ཤེས་རྟོགས་དང་། མང་ཚོགས་ཀྱིས་བསམ་བློ་གང་ཞིག་དུ་གཏོང་བ་དང་དགོས་མཁོ་གང་ཡོད་པ་ཤེས་རྟོགས་བྱས་པ་མ་ཟད་ད་དུང་མང་ཚོགས་ལ་དཀའ་ངལ་ཐག་གཅོད་དང་འཕེལ་རྒྱས་གཏོང་རོགས་སོགས་ཀྱང་བྱས་པས། རང་སྐྱོང་ལྗོངས་ཀྱིས“རྒྱལ་ཡོངས་དབུལ་སྒྲོལ་འགག་སྒྲོལ་གྱི་ཕུལ་བྱུང་མི་སྒེར”ལ་བདམས་པ་རེད།

    ཏང་ཡོན་ཚོས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་། རང་སྐྱོང་ལྗོངས་ཀྱི“ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དེ་བས་དམ་པ”བཅས་དགོས་པའི་ཆེད་དོན་སློབ་གསོ་གཉིས་དང་ཟུང་འབྲེལ་བྱས་ནས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་ལག་ལེན་དང་འགན་འཁྲི་ཁུར་སེམས་ཟབ་ཏུ་གཏོང་རྒྱུར་སྔར་བས་ལྕག་སྐུལ་ཡག་པོ་བྱ་ཆེད།

    ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཏང་ཀྲི་པུའུ་དང་པོས་བྱམས་པ་ཚེ་རིང་ཆེད་མངགས་གདན་དྲངས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ཉམས་མྱོང་དང་། གཟེངས་བསྟོད་ཚོགས་ཆེན་གྱི་གནས་ཚུལ། མི་སྒེར་གྱི་མྱོང་ཚོར་བཅས་གླེང་བ་རེད།

    “ད་རེས་པེ་ཅིང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་རྒྱལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་ཡོད་ཅེས་ཁྱབ་བསྒྲགས་གནང་བ་ཐོས་པས་རང་ཉིད་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། དབུལ་སྒྲོལ་འགག་སྒྲོལ་ལས་དོན་ནང་ཞུགས་མཁན་ཞིག་ཡིན་པའི་ཆ་ནས། ང་ལ་སྤོབས་པ་ཆེན་པོ་སྐྱེས་བྱུང”ཞེས་བྱམས་པ་ཚེ་རིང་གིས་ཏང་ཡོན་ཚོ་དང་པེ་ཅིང་དུ་བསྐྱོད་པའི་མྱོང་ཚོར་སྤེལ་རེས་དང་མཉམ་སྤྱོད་བྱས་པ་རེད། ཁོང་གིས། ཐེངས་འདིའི་ཚོགས་ཆེན་ལ་ཞུགས་རྗེས་ངས་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད་ལ། ད་ཆའི་བོད་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་དེ་བས་ཀྱང་མེད་པར་ངོས་འཛིན་ཟབ་མོ་བྱུང་སོང་། “ད་ཆ་རྒྱལ་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་གྱི་ཡོད། ངས་སློབ་སྦྱོང་གི་གྲུབ་འབྲས་དེ་ལག་ལེན་གྱི་ཕན་འབྲས་སུ་འགྱུར་བར་བྱས་ནས། གྲོང་གསེབ་དར་རྒྱས་ལ་་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན”ཞེས་བཤད་པ་རེད།

    “བྱེད་སྒོ་འདི་ལྟ་བུ་སྤེལ་བར་དོན་སྙིང་ཆེན་པོ་འདུག ང་ཚོའི་སློབ་སྦྱོང་ལ་ཕན་འབྲས་དངོས་སྔར་བས་ཆེ་བ་ཐོན་སོང” སླད་ཕྱིན་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་དེ“ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དེ་བས་དམ་པ”བཅས་ཀྱི་ཆེད་དོན་སློབ་གསོ་དང་ཟུང་འབྲེལ་དང་། དཀའ་ངལ་ཡོད་པའི་ལས་བཟོར་དཀའ་ངལ་སེལ་རོགས་བྱེད་པའི་ལས་དོན་མུ་མཐུད་ཡག་པོ་བསྒྲུབ་རྒྱུ་དང་ཟུང་འབྲེལ། “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”བྱེད་སྒོ་དང་ཟུང་འབྲེལ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། རང་འཁྲིའི་ལས་ཀ་ཡག་པོ་བསྒྲུབས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་གཏོང་རིང་བཟོ་ཚོགས་ལས་དོན་པའི་འགན་འཁྲི་དང་འགན་འཁྲི་འཁུར་སེམས་མངོན་པར་བྱ་རྒྱུ་ཡིན་ཞེས་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཏང་ཙུའི་ཁོངས་མི་ཀྲུའུ་ཞི་གཞོན་པ་སྤེན་པས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།