དབུ་ཤོག>ཆེད་སྒྲིག
  • ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་ལྷག་བསམ་རྣམ་དག་ངང་རང་འགན་གཙང་མ་བསྒྲུབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-04-07

    ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཚུན། རང་ལྗོངས་ཀྱི་གྲོང་ཁྱེར(ས་ཁུལ)ཁག་དང་སྡེ་ཚན་ཁག་གིས་བསམ་བློའི་ཚུགས་གནས་མཐོ་རུ་གཏོང་བ་དང་། དོན་དངོས་ལ་གཞི་ཚུགས་པ། བདེན་སྲུང་གསར་གཏོད་བཅས་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་མང་ཚོགས་དང་། གཞི་རིམ། མི་སེམས་སུ་གཏིང་ཟབ་ཟུག་པ་བཅས་ལ་སྐུལ་འདེད་བཏང་ཡོད།

    ནག་ཆུ་གྲོང་ཁྱེར་གྱིས་བརྗོད་དོན་གཙོ་བོ་དང་གཙོ་རྐང་ཁོང་དུ་བརྟན་པོར་ཆུད་པར་བྱས་ཏེ། རྩེ་རིམ་ལ་དམ་འཛིན་དང་། གཞི་རིམ་ལ་དམ་འཛིན་བྱེད་པ། བྱས་རྗེས་དངོས་སུ་འཇོག་པ། ཕན་འབྲས་དངོས་ལ་སྣང་ཆེན་བཅས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་རྒྱུར་སྐུལ་འདེད་བཏང་ཞིང་། ཟླ་2ཚེས་26ཉིན་ནག་ཆུ་གྲོང་ཁྱེར་གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་འདུ་འཚོགས་ནས་གྲོང་ཁྱེར་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་བཀོད་སྒྲིག་བྱས་པ་རེད། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་ཆེད་དོན་ཚན་ཁག་བཙུགས་པ། དེའི་ཁོངས་གཏོགས་སུ་མཐུན་སྦྱོར་ཚོགས་ཆུང་དང་། ལག་ལེན་ཚོགས་ཆུང་། ཡིག་ཆ་ཚོགས་ཆུང་། དྲིལ་བསྒྲགས་ཚོགས་ཆུང་བཅས་ཆེད་དོན་ཚོགས་ཆུང་བཞི་བཙུགས་ཡོད། གྲ་སྒྲིག་ཚོགས་ཆུང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྒྲོག་འགྲེལ་ཚོགས་པ་དང་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་བཙུགས་པ་མ་ཟད། སྒྲོག་འགྲེལ་ནང་དོན་བཀོད་སྒྲིག་ཞིབ་ཚགས་དང་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་ཡང་བརྒྱབ་ཡོད།

    ནག་ཆུ་གྲོང་ཁྱེར་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ“དེ་བས་གསུམ”གྱི་ཆེད་དོན་སློབ་གསོ་དང་ཟུང་འབྲེལ་དང་མིག་སྔའི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སོགས་ཀྱི་ལས་དོན་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཁར། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་རང་རང་སོ་སོའི་ལས་ཀའི་ཁྱབ་ཁོངས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཆེད་དོན་བགྲོ་གླེང་ཚོགས་འདུ་ཐེངས་421འཚོགས་པ་དང་། བོད་གསར་རྙིང་བསྡུར་བའི་སྒྲོག་འགྲེལ་ཐེངས་362བྱས་པ། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་དང་བླངས་ཞབས་ཞུའི་བྱེད་སྒོ་ཐེངས་1457སྤེལ་ཡོད།  གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭས“ཆུང་དུས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱས་ནས་ནམ་ཡང་ཏང་གི་རྗེས་སུ་འབྲང་བ”དང“སློབ་འགོ་ཚུགས་པའི་སློབ་ཚན་དང་པོ། ཏང་གི་ལོ་བརྒྱའི་ལོ་རྒྱུས་ང་ཡིས་གླེང”སོགས་ཀྱི་བྱེད་སྒོ་སྤེལ་ཏེ། དཔྱད་གླེང་ལ་བརྟེན་ནས་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་རྒྱུན་གཏན་གྱི་སློབ་ཁྲིད་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་ཡོད།

    མངའ་རིས་ས་ཁུལ་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང“དེ་བས་གསུམ”གྱི་ཆེད་དོན་སློབ་གསོ་ཟུང་འབྲེལ་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ཞིང་། ཟླ་4ཚེས་4ཉིན་མངའ་རིས་ས་ཁུལ་གྱིས་སེང་གེ་ཁ་འབབ་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ“ལོ་རྒྱུས་སྦྱངས་ནས་གནས་ལུགས་རྟོགས་པ་དང་། ལོ་རྒྱུས་སྦྱངས་ནས་གདེང་ཚོད་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ཧུར་ཐག སྲུང་སྐྱོང་·2021དྭངས་གསལ་དུས་ཚིགས་སུ་སྔོན་གཤེགས་དཔའ་བོར་མཆོད་འབུལ་བྱེད་པའི”བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་རེད། “དེ་རིང་ང་ཚོས་མིང་རྟགས་འགོད་པ་དང་། སྔོན་གཤེགས་དཔའ་བོའི་བང་སོ་ཚང་མར་མེ་ཏོག་སོས་པ་འབུལ་བ། བང་སོའི་རྡོ་རིང་གཙང་ཕྱིས་རྒྱག་པ་སོགས་ཀྱི་བྱེད་ཐབས་བརྒྱུད་གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུས་པ་ཡིན། དེའི་དམིགས་ཡུལ་ནི་ཚང་མར་ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་ང་ཚོའི་ད་ཆའི་མཛེས་སྡུག་ལྡན་ལ་བདེ་སྐྱིད་ལྡན་པའི་འཚོ་བ་ཇི་ལྟར་ཡོང་མིན་ཤེས་པ་བྱ་ཆེད་ཡིན། སློབ་སྦྱོང་ཧུར་ཐག་དང་ལས་དོན་ཏན་ཏིག་བསྒྲུབས་ནས་ཏང་གི་གཏམ་རྒྱུད་དང་། གསར་བརྗེའི་གཏམ་རྒྱུད། དཔའ་བོའི་གཏམ་རྒྱུད་བཅས་ཡག་པོ་ཤོད་པ་དང་། ཏང་ལ་དགའ་ཞེན་དང་། མེས་རྒྱལ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་ཀྱི་བརྩེ་སེམས་ཟབ་མོ་བཏོད་དེ། ཏང་གི་ལོ་རྒྱུས་དང་སློབ་སྦྱོང་སློབ་གསོ་དེ་བས་གསོན་ཉམས་དོད་པ་དང་། དེ་བས་གསོན་ཤུགས་རྒྱས་པ། གསར་བརྗེའི་ས་བོན་དང་གསར་བརྗེའི་མེ་ལྕེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པར་བྱེད་དགོས”ཞེས་མངའ་རིས་ས་ཁུལ་གྱི་དམག་ཞབས་ཐིམས་པའི་དམག་མིའི་ལས་དོན་ཅུས་ཀྱི་ཧྲུའུ་ཅི་གཞོན་པ་ཅུས་ཀྲང་བྱམས་པ་དཔལ་སྒྲོན་གྱིས་བཤད།

    ཉེ་ཆར་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་སྲིད་ཁྲིམས་སྡེ་ཚན་གྱིས་རྒྱལ་མོ་རྔུལ་ཆུའི་དཔའ་བོའི་ཟམ་པའི་ཟམ་གདན་ཐོག་བསྐྱོད་དེ“གསར་བརྗེའི་ས་བོན་རྒྱུན་འཛིན་བྱས་ནས་ཆབ་སྲིད་ཐད་ལྷག་བསམ་རྣམ་དག་བྱེད་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུའི”ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་རེད། བྱེད་སྒོའི་ཁྲོད་དཔའ་ཤོད་རྫོང་སྲིད་ཁྲིམས་སྡེ་ཚན་གྱི་ལས་བྱེད་ཉེན་རྟོག་པའི་འཐུས་མི་40ལྷག་ཙམ་གྱིས་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་ལ་ཁ་ཕྱོགས་ནས་ངག་བསྡམས་ཏེ་མྱ་ངན་ཞུས་པ་རེད། དེ་རྗེས་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་ཡོངས་ཀྱིས་ཏང་ཞུགས་དམ་བཅའ་བསྐྱར་འཇོག་བྱས་ཏེ། མཐོ་ཞིང་གྲང་ལ་གསོ་རླུང་དང་དངོས་ཟོག་ཤིན་ཏུ་དཀོན་པའི་གནས་ཚུལ་འོག མི་རེར་ཐོ་བ་རེ་དང་འཇོར་རེར་བརྟེན་ནས་ཟམ་པ་བསྐྲུན་པའི་དམག་སྡེ་བཅོ་བརྒྱད་པའི་སྔོན་ཐོན་བྱས་རྗེས་ཤེས་ཚོར་བྱས་པ་རེད། ཚང་མས་སླད་ཕྱིན་ལས་ཀ་དང་འཚོ་བའི་ཁྲོད་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་ད་ལྟའི་འཚོ་བར་གཅེས་སྤྲས་བྱས་ཏེ། དཔའ་ཤོད་སྲིད་ཁྲིམས་ཀྱི་ཧྲག་དམག་ཧུར་ཐག་བཏོད་ནས་དཔའ་ཤོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་ཆེད་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

    ཉིན་ཤས་གོང་ལྷ་ས་མཐའ་མཚམས་འགྲོ་འོང་མཐའ་སྲུང་ཞིབ་བཤེར་ས་ཚིགས་དང་མངའ་རིས་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གིས་འཕྲལ་མར་བཀོད་སྒྲིག་བྱས་ཏེ། ཏང་ཡོན་མི་དམངས་ཉེན་རྟོག་པར་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད་བློ་གྲོས་དང་སྟོབས་ཤུགས་འཕེལ་བར་བྱས་ནས་དུས་རབས་གསར་པའི་གནས་སྤོས་ཡུལ་མིའི་དོ་དམ་ཉེན་རྟོག་པ་ཡག་པོ་བྱ་རྒྱུའི་ཁྲིད་སྟོན་བྱས་པ་རེད། ལྷ་ས་མཐའ་མཚམས་འགྲོ་འོང་མཐའ་སྲུང་ཞིབ་བཤེར་ས་ཚིགས་དང་མངའ་རིས་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་རླུང་འཕྲིན་ས་ཚིགས་དང་། ཉེན་རྟོག་པའི་སྒར་སའི་ཀློག་པ་པོ། མྱུར་འདྲི་མྱུར་འདེབས། “དཔའ་བོ་དང་དཔེ་བཟང་ལ་སློབ་སྦྱོང་བྱེད། དུས་རབས་ཀྱི་དཔའ་བོར་གུས་འདུད་ཞུ”ཞེས་པའི་ཆེད་དོན་སློབ་སྦྱོང་གི་བརྙན་ལམ་པར་ལེན་འཁྲབ་གཞུང་རྩོམ་པ། སྐད་འཕྲིན་ནང་ཉིན་ལྟར་ཏང་གི་ལོ་རྒྱུས་ཤེས་བྱའི་རྩོམ་ཐུང་གཏོང་བ་སོགས་ཀྱི་རྣམ་པ་གསར་པ་བརྒྱུད། ཏང་ཡོན་མི་དམངས་ཉེན་རྟོག་པར་གསར་འབྱེད་ཡར་བརྩོན་གྱི་སྙིང་སྟོབས་ཐོག་ནས་རྒྱུན་ཆད་མེད་པར་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། བྱ་བ་དངོས་སྒྲུབ་པ། འགོ་གསར་པ་འཛུགས་པ་དང་། ཏང་གི་རླབས་ཆེན་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ཐོག་མའི་བསམ་འདུན་རྟོགས་པ་དང་འགན་འཁྲི་ལག་བསྟར་བྱས་ཏེ། མཐའ་མཚམས་ཀྱི་ཞི་མཐུན་བརྟན་ལྷིང་ཆེད་ལང་ཚོ་དང་སྟོབས་ཤུགས་སྐྱེས་སུ་འབུལ་དུ་བཅུག་པ་རེད།

    ཉིན་ཤས་བསྟུད་མར། ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་སྐྱེམས་སྟོང་ཤང་གིས་བྱེད་ཐབས་གསར་གཏོད་ཀྱིས་སྣ་མང་ཕུན་སུམ་ཚོགས་པའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་ཞིང་། ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོས་གསར་བརྗེའི་ལོ་རྒྱུས་བསྐྱར་དྲན་དང་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱས་ནས། ཏང་གི་ལོ་རྒྱུས་ཤེས་རྟོགས་ཀྱིས་ཏང་ལ་དགའ་ཞེན་དང་ཏང་གི་ལོ་རྒྱུས་ཤེས་རྟོགས་ཀྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་པའི་བརྩེ་སེམས་སྔར་བས་འཕེལ་བར་བྱས་ཡོད། སྣང་རྫོང་གིས་དམག་སྡེ་བཅུ་བཞི་པ་བཅའ་སྡོད་ཀྱི་གནས་རྙིང་པ་དང་། སྣང་རྫོང་གི་ཐོག་མའི་བསམ་འདུན་གྱི་སློབ་གསོ་སློབ་ཁྲིད་ཁང་། སྐྱེམས་སྟོང་ཤང་གི་ཏང་གི་ལོ་རྒྱུས་སློབ་གསོའི་རྟེན་གཞི་སོགས་ཕུན་སུམ་ཚོགས་པའི་གསར་བརྗེའི་རྒྱུ་ནོར་དང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་སུའོ(ས་ཚིགས)ཡི་སྟེགས་བུའི་ལེགས་ཆར་བརྟེན་པ་དང་། མང་ཚོགས་ཀྱི་བྱེད་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། “ཏང་གི་ལོ་བརྒྱའི་ལོ་རྒྱུས་མི་བརྒྱས་གླེང་། སྤྱིར་བཏང་མིན་པའི་ལོ་ཟླར་ཕྱིར་དྲན་གྱིས་ཐོག་མའི་བསམ་འདུན་གླེང”ཞེས་པའི་སློབ་སྦྱོང་སྒྲོག་འགྲེལ་གྱི་གཞི་རྟེན་གསར་གཏོད་བཅས་བྱས་ནས་ཏང་གི་ལོ་རྒྱུས་ཤེས་པ་དང་། ཏང་གི་བཀའ་དྲིན་ཚོར་བ། རིག་གནས་ཡོད་པ། སྒྲོག་འགྲེལ་བྱ་རྒྱུར་དགའ་བ་བཅས་ཀྱི་གྲོང་གསེབ་ཀྱི་ལས་བྱེད་པ་དང་འཇོན་ཐང་ཅན་གྱིས“ཏང་གི་ལོ་རྒྱུས་སྒྲོག་འགྲེལ་པ”བྱ་རྒྱུའི་ཡིད་དབང་བཀུག་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་། མང་ཚོགས། གཞོན་ནུ་ལོ་ཆུང་བཅས་ལ་ཏང་གི་ལོ་རྒྱུས་གཏམ་རྒྱུད་ཡག་པོ་བརྗོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།