དབུ་ཤོག>ཆེད་སྒྲིག
  • བོད་ཀྱི་ཡར་ལངས་ཞིང་བྲན་གྱི་བརྙན་པར་ཡིག་ཚགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-04-06

    339143_yis_1617206400000_s.jpg

    འདི་ནི་སྒྲོལ་དཀར་ཡིན་པ།

    339145_yis_1617206400000_s.jpg

    འདི་ནི་སྒྲོལ་དཀར(གཡས)དང་བུ་མོ་ཁྱིམ་གྱི་སྒོ་རའི་ནང་འཆམ་འཆམ་བྱེད་བཞིན་པ།

    སྒྲོལ་དཀར་ནི་1927ལོར་སྐྱེས་པ་དང་ཁོང་ནི་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་བྱང་ཁ་ཤང་ཆུ་ཁ་བྱང་གྲོང་ཚོའི་གྲོང་མི་ཞིག་རེད།

    བོད་རྙིང་པར་སྒྲོལ་དཀར་གྱི་འཚོ་བ་ཧ་ཅང་སྐྱོ་པོ་ཡོད།

    སྐབས་དེར་ཁྲལ་འུ་ལག་རྒྱུག་ཆེད་ཁོང་ལྷ་སར་ས་རྡོ་དབོར་བར་འགྲོ་དགོས་ཀྱི་ཡོད། ཁོང་གིས“ས་རྡོ་དབོར་བར་འགྲོ་ཐེངས་རེར་ཞིང་བྲན་བདག་པོས་ངའི་དཔྲལ་བ་དང་ལག་པའི་ཐོག་ཏུ་ཐེལ་ཙེ་བརྒྱབ་སྟེ་ཁྲལ་འུ་ལག་རྒྱུག་པའི་དཔང་རྟགས་སུ་བརྩི་ཡི་ཡོད་པས་སྐབས་རེ་དཔྲལ་བ་དང་ལག་པའི་སྟེང་ཐེལ་ཙེས་ཁེངས་ཀྱི་ཡོད། ‘ཨར་ཀ་གཅོག’སྐབས་ང་ཚོར་ཨར་གཞས་གཏོང་དུ་འཇུག་པ་དང་བཀྲེས་ལྟོགས་ཀྱིས་མནར་ནས་ཨར་གཞས་གཏོང་མི་ཐུབ་ཚེ་ཞིང་བྲན་བདག་པོས་ང་ཚོར་དབྱུག་པ་གཞུ་གི་ཡོད”ཅེས་བརྗོད།

    1959ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱེད་འགོ་ཚུགས་ནས་སྒྲོལ་དཀར་ལའང་ས་ཞིང་དང་ཕྱུགས་རིགས་བགོ་བཤའ་ཐོབ་པ་མ་ཟད། རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད།

    ད་ཆ་ལྷ་ས་གྲོང་ཁྱེར་གྱིས་ལོ་ན་མཐོ་བའི་རྒན་རྒོན་ཚོར་བདེ་ཐང་ཁ་གསབ་སྤྲོད་པའི་ནང་ལོ་70ནས་79བར་གྱི་རྒན་རྒོན་མི་རེར་ལོ་རེར་ཁ་གསབ་དངུལ་སྒོར་600དང་། ལོ་80ནས་89བར་གྱི་རྒན་རྒོན་མི་རེར་ལོ་རེར་ཁ་གསབ་དངུལ་སྒོར་1200 ལོ་90ནས་99བར་གྱི་རྒན་རྒོན་མི་རེར་ལོ་རེར་ཁ་གསབ་དངུལ་སྒོར་2400 ལོ་100ཡན་གྱི་རྒན་རྒོན་མི་རེར་ལོ་རེར་ཁ་གསབ་དངུལ་སྒོར་3600བཅས་སྤྲོད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།