དབུ་ཤོག>ཆེད་སྒྲིག
  • ​སྡུག་བསྔལ་དང་འཚོ་བ་གསར་པ་བརྒྱུད་མྱོང་བའི་པ་སངས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2021-04-05

    333226_yis_1617120000000_s.jpg

    འདི་ནི་པ་སངས་ཀྱི་པར་ཡིན་པ། 

    333224_yis_1617120000000_s.jpg

    འདི་ནི་པ་སངས(གཡོན་གྱི་གསུམ་པ)དང་ནང་མིའི་པར་ཡིན་པ།

    1934ལོར་སྐྱེས་པའི་པ་སངས་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་སྒ་སྦུག་ཤང་མཐའ་ཡས་གྲོང་ཚོ་ནས་རེད།

    བོད་དུ་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། པ་སངས་ཁྱིམ་གྱིས་ཞིང་བྲན་བདག་པོར་མི་ཁྲལ་དང་། འབྲུ་རིགས་ཁྲལ། བལ་གྱི་ཤོ་ཁྲལ། ལུག་ཤའི་ཁྲལ། མེ་ཤིང་ཁྲལ། གཟན་ཆག་ཁྲལ་ལ་སོགས་པའི་ཁྲལ་སྣ་ཚོགས་འཇལ་དགོས་ཀྱི་ཡོད་པས། ཁོང་ཚོ་སྡུག་བསྔལ་གྱི་གནས་སུ་ལྷུངས་ཡོད། པ་སངས་ཀྱིས“ཁྲལ་རིགས་དེ་དག་ཆུ་རིས་དང་ནམ་མཁའི་སྐར་མ་ལས་ཀྱང་མང་བ་ཡོད”ཞིང་བྲན་བདག་པོས་ཐོན་སྐྱེད་རྒྱུ་ཆ་དང་འབྲུ་རིགས་འབོར་ཆེན་བཟུང་ནས་ཞིང་བྲན་རྣམས་འཁྱག་ལྟོགས་བཀྲེས་སྐོམ་གྱིས་མནར་ནས་སྡོད་དགོས་ཀྱི་ཡོད་ཅེས་བརྗོད།

    1959ལོར་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་པ་དང་སྦྲགས། པ་སངས་ནང་མིར་སླར་ཡང་ཚེ་སྲོག་གསར་པ་ཞིག་ཐོབ་པ་དང་1961ལོའི་ཟླ་7པར་པ་སངས་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པ་རེད།

    ད་ཆ་བགྲེས་སོང་པ་སངས་ཐང་ཤ་དོད་པ་དང་བུ་ཚས་ཁེངས་པ་མ་ཟད། ད་དུང་རྫོང་གི་བོད་གསར་རྙིང་བསྡུར་བའི་སྒྲོག་འགྲེལ་ལས་དོན་གྱི་འགན་ཡང་ཁུར་གྱི་ཡོད། པ་སངས་ཀྱིས“ད་ཆའི་གཞོན་ནུས་བོད་རྙིང་པར་རྒྱུས་མངའ་ཆེན་པོ་མེད། ངའི་རེ་བར་རང་ཉིད་ཀྱི་མྱོང་བ་བརྒྱུད་མི་དེ་བས་མང་བར་བོད་རྙིང་པའི་སྡུག་བསྔལ་ཤེས་སུ་བཅུག་ནས། ད་ཆའི་ཐོབ་པར་དཀའ་བའི་བདེ་སྐྱིད་འཚོ་བར་གཅེས་སྤྲས་བྱེད་དུ་འཇུག་རྒྱུ་ཡིན”ཞེས་བརྗོད། 

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།