དབུ་ཤོག>ཆེད་སྒྲིག
  • ཏང་གི་ལོ་རྒྱུས་རྟག་ཏུ་བསྐྱར་དྲན་བྱེད། ཏང་གི་ལོ་རྒྱུས་བློ་ལ་བརྟན་པོར་ངེས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-04-01

    ལེ་ཚན་གཏོད་པའི་གཏམ།

    འདི་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ལོ་ཞིག་ཡིན། བོད་ཡིག་སྨྱན་སྦྱོར་གྱིས“ཏང་གི་ལོ་རྒྱུས་རྟག་ཏུ་བསྐྱར་དྲན་བྱེད། ཏང་གི་ལོ་རྒྱུས་བློ་ལ་བརྟན་པོར་ངེས། ——ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ”ཞེས་པའི་ཆེད་སྒྲིག་ལེ་ཚན་དམིགས་སུ་ཇུས་འགོད་བྱས་ཡོད། ཆེད་སྒྲིག་ལེ་ཚན་འདི་ཁག་གསུམ་དུ་ཕྱེ་བ་སྟེ། གཅིག་ནི་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་རིམ་བྱུང་ངོ་སྤྲོད་དང་། གཉིས་ནི《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས》ཀྱི་གཞི་རྩའི་ཤེས་བྱ། གསུམ་ནི་《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས》ཀྱི་འདྲི་བ་དྲིས་ལན་བཅས་ཡིན། ནང་དོན་ཐད་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཐོག་གི་དུས་ཚིགས་གལ་ཆེན་དང་དོན་ཆེན་གལ་ཆེན་བདམས་ནས་ལོ་བརྒྱའི་རིང་གི་ཏང་གི་ཟིལ་རླབས་དགུང་དུ་འཕྱུར་བའི་ལོ་རྒྱུས་ལམ་བུ་ཕྱིར་དྲན་བྱ་རྒྱུ་ཡིན། ནང་དོན་བསྡུས་ལ་ཁ་གསལ་བ་དང་གོ་བདེ་ཞིང་ཤེས་སླ་བའི་སྒོ་ནས་ཀློག་པ་པོས་ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཤེས་རྟོགས་ཐུབ་པ་བྱེད་པ་དང་ཆབས་ཅིག ཀློག་པ་པོ་ཚོ་ཏང་ལ་དེ་བས་དགའ་ཞེན་དང་མེས་རྒྱལ་ལ་དེ་བས་དགའ་ཞེན་ཡོང་བར་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་དེ་ཡིན། དེ་རིང་ནས་བཟུང་ཆེད་སྒྲིག་ལེ་ཚན་འདི་འདོན་རྒྱུ་ཡིན་པས་ཚང་མས་དོ་ཁུར་ཡོད་པ་ཞུ།

    ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་རིམ་བྱུང་ངོ་སྤྲོད།

    1.ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོའི་ངོ་སྤྲོད་མདོར་བསྡུས།

    1921ལོའི་ཟླ་7ཚེས་23ནས་31ཉིན་བར་ཀྲུང་གོ་གུང་ཁྲན་ཏང་གིས་ཧྲང་ཧའེ་རུ་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོ་འཚོགས་ཤིང་། ཚོགས་ཆེན་ལ་ཞུཌ་མཁན་གྲས་སུ་ས་གནས་ཁག་གི་གུང་ཁྲན་རིང་ལུགས་ཚོགས་ཆུང(སྐབས་དེ་དུས་ཧྥ་རན་སེར་ཡོད་པའི་གུང་ཁྲན་རིང་ལུགས་ཚོགས་ཆུང་དང་རྒྱལ་ནང་དབར་འབྲེལ་བ་བྱུང་མེད་པས་འཐུས་མི་མངགས་མེད)ཡོད་པ་དང་། མིང་བཏོན་འདེམས་བསྐོ་བྱས་པའི་འཐུས་མི་12ཡོད་པ་སྟེ། ཧུའུ་ནན་ཚོགས་ཆུང་གི་མའོ་ཙེ་ཏུང་དང་ཧོ་ཧྲུའུ་ཧོང་དང་། ཧུའུ་པེ་ཚོགས་ཆུང་གི་ཏུང་པི་ཝུའུ་དང་ཁྲེན་ཐེན་ཆིའུ། ཧྲང་ཧའེ་ཚོགས་ཆུང་གི་ལི་ཏ་དང་ལི་ཧན་ཅུན། པེ་ཅིང་ཚོགས་ཆུང་གི་ལིའུ་རེན་ཅིང་དང་ཀྲང་གོ་ཐའོ། ཅི་ནན་ཚོགས་ཆུང་གི་ཝང་ཅིན་མེ་དང་ཏེང་ཨེན་མིང་། ཀོང་ཀྲོའུ་ཚོགས་ཆུང་གི་ཁྲེན་ཀུང་པོ། རི་པིན་ཐོ་ཁེའོ་ཚོགས་ཆུང་གི་ཀྲོའུ་ཕུའུ་ཧའེ་བཅས་རེད། ཚོགས་ཆེན་ལ་ཞུགས་མཁན་གྱི་གྲས་སུ་ད་དུང་ཁྲེན་ཏུའུ་ཤིའུ་ཡིས་མངགས་པའི་འཐུས་མི་པའོ་ཧུའེ་ཙེང་ཡོད། ཁོང་རྣམ་པས་རྒྱལ་ཡོངས་ཀྱི་ཏང་ཡོན་50ལྷག་ཙམ་གྱི་ཚབ་གནང་བ་དང་། གུང་ཁྲན་རྒྱལ་སྤྱིའི་འཐུས་མི་མཱ་ལིན་ཚོགས་འདུར་ཞུགས་ཡོད། ཚོགས་འདུ་ཚོགས་རིང་བཙན་རྒྱལ་རིང་ལུགས་ཀྱི་གསང་མྱུལ་གྱི་འགལ་རྐྱེན་ཕོག་སྟབས། ཉིན་མཇུག་ཤོས་དེར་ཀྲེ་ཅང་ཅ་ཤིང་དུ་བསྐྱོད་ནས་ནན་ཧུའུ་མཚེའུ་ཡི་སྤྲོ་གསེང་གྲུ་གཟིངས་ཤིག་ནང་ཚོགས་འདུ་འཚོགས་ཡོད། ཚོགས་ཆེན་ཐོག་ཆབ་སྲིད་ཀྱི་དུས་བབ་དང་། ཏང་གི་གཞི་རྩའི་ལས་འགན། ཏང་གི་རྩ་འཛུགས་ཀྱི་རྩ་དོན། རྩ་འཛུགས་ཀྱི་སྒྲིག་གཞི་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་གནང་བ་དང་ཚོགས་འདུའི་ཐོག《ཀྲུང་གོ་གུང་ཁྲན་ཏང་གི་རྩ་འཛིན་དང་པོ》དང《ཀྲུང་གོ་གུང་ཁྲན་ཏང་གི་གྲོས་ཆོད》ལ་གྲོས་འཆམ་བྱུང་བ། རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོ་འཚོགས་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་ཁྱབ་བསྒྲགས་གནང་ཡོད། (མུ་མཐུད་འགོད་རྒྱུ)

    ཀྲུང་གོ་གུང་ཁྲན་ཏང་གི་ཏང་གི་ལོ་རྒྱུས་ཀྱི་དྲི་བ་དྲིས་ལན།

    1.ལྔ་བཞི་རྒྱལ་གཅེས་ལས་འགུལ།

    1919ལོའི་ཟླ་5ཚེས་4ཉིན་སྔོན་ཐོན་ཤེས་ཡོན་ཅན་ཁག་གཅིག་གིས་གདོང་ལེན་བྱས་པ་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཞུགས་པའི་བཙན་རྒྱལ་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན་ལམ་ལུགས་ལ་ངོ་རྒོལ་མཐར་ཕྱིན་བྱེད་པའི་རླབས་ཆེན་གྱི་རྒྱལ་གཅེས་གསར་བརྗེའི་ལས་འགུལ་ལངས་ཤིང་། ལྔ་བཞིའི་ལས་འགུལ་ལངས་པ་དེ་ཐོག་ནས་བཙན་རྒྱལ་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན་ལམ་ལུགས་ལ་ངོ་རྒོལ་བྱེད་པའི་རླབས་ཆེན་འཐབ་རྩོད་གསར་པ་ཞིག་བྱེད་འགོ་ཚུགས་པ་མ་ཟད། དུས་དེ་ནས་བཟུང་གཞི་རྒྱ་ཆེ་ལ་གཏིང་ཟབ་པའི་མར་ཁེ་སི་རིང་ལུགས་བརྒྱུད་སྤེལ་ལས་འགུལ་ཞིག་ཀྱང་ལངས་པ་མཚོན་གྱི་ཡོད། (མུ་མཐུད་འགོད་རྒྱུ)

    《ཀྲུང་གོ་གུང་ཁྲན་ཏང་གི་ཏང་གི་ལོ་རྒྱུས》ཀྱི་ཤེས་བྱ།

    ★ 1921ལོའི་ཟླ་7ཚེས་23ཉིན་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོ་ཧྲང་ཧའེ་རུ་འཚོགས་པ་དེ་ཐོག་ནས་རྣམ་པ་གསར་རྐྱང་དང་། མར་ཁེ་སི་རིང་ལུགས་བྱ་སྤྱོད་ཀྱི་ཕྱོགས་སྟོན་དུ་འཛིན་པ། གཅིག་གྱུར་དང་འབའ་ཞིག་ཡིན་པ་བཅས་ཀྱི་ཀྲུང་གོའི་བཟོ་པའི་གྲལ་རིམ་གྱི་སྲིད་ཏང་སྟེ། ཀྲུང་གོ་གུང་ཁྲན་ཏང་དངོས་སུ་དབུ་བརྙེས་པ་མཚོན་ཡོད།

    ★ ཀྲུང་གོའི་བཟོ་པའི་གྲལ་རིམ་གྱིས་རང་ཚུགས་ཀྱི་ཆབ་སྲིད་སྟོབས་ཤུགས་ལ་བརྟེན་ནས་ལོ་རྒྱུས་ཀྱི་གར་སྟེགས་ཐོག་བསྐྱོད་པ་མཚོན་པའི་དོན་ཆེན་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་དེ་རེད།

    ★ ཀྲུང་གོ་གུང་ཁྲན་ཏང་གསར་གཏོད་གནང་མཁན་ཁྲོད་མི་གཉིས་ཀྱི་ལེགས་སྐྱེས་ཧ་ཅང་མངོན་གསལ་དོད་ཅིང་། ཏང་དབུ་བརྙེས་པའི་ལོ་རྒྱུས་ཐོག“ལྷོ་ཕྱོགས་ཀྱི་ཁྲེན་དང་བྱང་ཕྱོགས་ཀྱི་ལི”ཞེས་བརྗོད་སྲོལ་ཡོད་པའི་ཁོང་རྣམ་གཉིས་ནི་ཁྲེན་ཏུའུ་ཤིའུ་དང་ལི་ཏ་ཀྲའོ་རེད།

    ★ 1921ལོའི་ཟླ་8པར་ཀྲུང་གོ་གུང་ཁྲན་ཏང་གིས་ཧྲང་ཧའེ་རུ་ཀྲུང་གོ་ངལ་རྩོལ་ཚན་སྡེབ་ཧྲུའུ་ཅི་པུའུ་བཙུཌ་པ་ནི་ཏང་གིས་བཟོ་པའི་ལས་འགུལ་ལ་ཡོངས་བསྒྲགས་ངང་འགོ་ཁྲིད་གནང་བའི་ལས་ཁུངས་ཤིག་རེད།

    ★ 1922ལོའི་ཟླ་7པར་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་གཉིས་པ་ཧྲང་ཧའེ་རུ་འཚོགས་པ་དང་བཙན་རྒྱལ་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན་ལམ་ལུགས་ལ་ངོ་རྒོལ་བྱེད་པའི་དམངས་གཙོའི་གསར་བརྗེའི་རྩ་འཛིན་ཐེངས་དང་པོ་ཁ་གསལ་བཏོན་ནས་ཀྲུང་གོ་མི་དམངས་ཀྱི་གསར་བརྗེའི་འཐབ་རྩོད་ལ་ཁ་ཕྱོགས་དང་འགྲོ་ལམ་གསལ་སྟོན་བྱས་ཡོད།

    (མུ་མཐུད་འགོད་རྒྱུ)

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།