དབུ་ཤོག>ཆེད་སྒྲིག
  • བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཏང་ཕྱིའི་རྒྱལ་གཅེས་མི་སྣའི་རྗེས་རབས་པའི་འཐུས་མི། སྐལ་བཟང་དབང་ཕྱུག   |     སྤེལ་དུས།  2021-03-30

    ང་ནི་ཏང་ཕྱིའི་རྒྱལ་གཅེས་མི་སྣའི་རྗེས་རབས་པའི་འཐུས་མི་སྐལ་བཟང་དབང་ཕྱུག་ཡིན། དེ་རིང་ཚང་མ་དང་མཉམ་དུ་འདི་གར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་པའི་ལོ་རྒྱུས་རང་བཞིན་གྱི་དོན་ཆེན་དེར་དྲན་གསོ་བྱ་རྒྱུ་བྱུང་བར་རང་ཉིད་སྤོབས་པ་ཆེན་པོ་སྐྱེ་གི་འདུག

    ཏང་ཕྱིའི་རྒྱལ་གཅེས་མི་སྣ་ནི་བོད་དུ་ཡོད་པའི་ཀྲུང་གོ་གུང་ཁྲན་ཏང་གི་གྲོགས་པོ་ཡག་ཤོས་ཤིག་ཡིན། ཏང་ཕྱིའི་རྒྱལ་གཅེས་མི་སྣའི་རྗེས་རབས་པ་ཞིག་ཡིན་པའི་ངས་གོང་རབས་པ་ཚོས་རི་འགོག་དམག་འཁྲུག་དང་། བོད་ཞི་བས་བཅིངས་འགྲོལ། དེ་བཞིན་དམངས་གཙོའི་བཅོས་སྒྱུར་སོགས་ལོ་རྒྱུས་ཀྱི་དུས་སྐབས་ཁག་ཏུ་ཀྲུང་གོ་གུང་ཁྲན་ཏང་དང་མཉམ་ལས་དམ་ཟབ་དང་། བློ་གཅིག་སེམས་གཅིག གཅིག་སེམས་གཅིག་གཏད། གཟི་ཁྲེལ་མཉམ་མྱོང་བཅས་ཀྱི་ལོ་རྒྱུས་དང་སྲོལ་རྒྱུན་དེ་བས་བློ་ལ་བརྟན་པོར་ངེས་ཏེ། རྒྱལ་གཅེས་ཏང་གཅེས་ཀྱི་ཁྱིམ་རྒྱུད་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་ནས་རང་ངོས་ཀྱི་གཟི་བརྗིད་ཚོར་སེམས་དང་། ལས་འགན་སྒྲུབ་སེམས། འགན་འཁྲི་འཁུར་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་ཡིན། ང་རང་རྒྱལ་གཅེས་ཀྱི་སྲོལ་རྒྱུན་ལྡན་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས་པ་དང་འཚར་ལོངས་བྱུང་ཞིང་། ངའི་ཕ་མེས་ནི“སྤོམ་མདའ་ཚང”ཞེས་པའི་བོད་ཀྱི་ཚོང་པ་ཆེ་ཤོས་དེ་ཡིན། ངའི་སྤོ་བོ་ལགས་ལ་སྤོམ་མདའ་རྡོ་རྗེ་ཟེར་བ་དང་སྔ་ས་ནས་དམར་དམག་ལ་ཡི་རང་ཞུ་བ་དང་དམར་དམག་ལ་བློ་ཁ་ཕྱོགས་ནས་གསར་བརྗེའི་བྱ་གཞག་ཁྲོད་ཞུགས་པ་དང་ཀྲུང་ཧྭ་སུའུ་ཝེ་ཨེ་བོད་པ་སྲིད་གཞུང་དུ་ནོར་སྲིད་པུའི་པུའུ་ཀྲང་བྱས་ནས་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་བྱས་ཏེ་དམར་དམག་བྱང་ཕྱོགས་སུ་རི་འགོག་བྱེད་པར་རྒྱབ་སྐྱོར་བྱས་ཡོད། རི་འགོག་དམག་འཁྲུག་སྐབས་སྤོ་བོ་སྤོམ་མདའ་རྡོ་རྗེས་མི་རིགས་ཆགས་འཇིག་གི་ཚོད་བགམ་དྲག་པོའི་ཁྲོད“རྒྱལ་ཁབ་དར་རྒུད་ཇི་ཡོང་དེ། སྐྱེ་བོ་ཀུན་ལ་འགན་འཁྲི་ཡོད་པའི”མྱོང་ཚོར་ཟབ་མོ་བྱུང་ནས་ཁྱིམ་རྒྱུད་ཀྱི་ཁོངས་མི་དང་མཉམ་དུ་རྒྱ་གར་ནས་བོད་བརྒྱུད་དེ་ཐད་ཀར་སི་ཁྲོན་དང་ཡུན་ནན་དུ་བསྐྱོད་པར་དྲེལ་པའི་རུ་ཁག་ལ་བརྟེན་ནས་དབོར་འདྲེན་བྱེད་པའི་སྐམ་ལམ་སྐྱེལ་འདྲེན་གྱི་རྒྱལ་སྤྱིའི་འགྲིམ་འགྲུལ་ལམ་ཐིག་འཆར་འགོད་དང་བཏོད་དེ། དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ཁྱད་བསད་བྱས་ཏེ་མེས་རྒྱལ་ལ་ཨ་སྒོར་དུང་ཕྱུར་1.5རི་བའི་དམག་འཐབ་ཀྱི་འཕྲལ་མཁོའི་དངོས་ཟོག་ཉོ་སྒྲུབ་དང་དབོར་འདྲེན་བྱས་ནས་རི་འགོག་དམག་འཁྲུག་ལ་རྒྱབ་སྐྱོར་དང་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པར་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། 1949ལོར་ཀྲུང་གོ་གསར་པ་དབུ་བརྙེས་པ་ཤེས་སྐབས་སྤོ་བོ་ལགས་ཀྱིས་པཎ་ཆེན་སྐུ་ཕྲེང་བཅུ་པའི་བཀའ་དང་ལེན་ཞུས་ཏེ་དགེ་སྟག་སྤྲུལ་སྐུ་དང་ཞྭ་དཀར་སྟོབས་ལྡན་དང་མཉམ་དུ་འཐུས་མི་མངགས་ནས་པེ་ཅིང་དུ་བསྐྱོད་དེ་ཀྲུའུ་ཞི་མའོ་ཙེ་ཏུང་ལ་མཇལ་ཁ་ཞུས། དེ་རྗེས་བོད་རིགས་སྤུན་ཟླས་བཅིངས་འགྲོལ་ཐོབ་རེ་བྱེད་པའི་ཁ་ཚ་དགོས་གཏུགས་ཀྱི་ཐུན་མོང་རེ་འདུན་ཡང་ཞུས། བོད་ཞི་བས་བཅིངས་འགྲོལ་གཏོང་བའི་བརྒྱུད་རིམ་ཁྲོད་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཞི་བས་བཅིངས་འགྲོལ་གཏོང་བའི་སྲིད་ཇུས་ལ་སྤོ་བོ་སྤོམ་མདའ་རྡོ་རྗེས་བརྩི་སྲུང་མཐའ་གཅིག་ཏུ་ཞུས་ནས་རང་དཔེ་གཞན་སྟོན་གྱིས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དྲིལ་བསྒྲགས་བྱས་པ་དང་དྲེལ་པ་སྒྲིག་འཛུགས་བྱས་ནས་བཅིངས་འགྲོལ་དམག་བོད་དུ་དཔུང་འཇུག་བྱ་རྒྱུར་རོགས་རམ་བྱས་པ་དང་སྦྲགས། ངོ་ལོག་ཟིང་འཁྲུག་ཞོད་འཇགས་གཏོང་བའི་ནང་ཞུགས་ཏེ་དམངས་གཅོའི་བཅོས་སྒྱུར་ལ་སྣེ་ཁྲིད་ནས་སྐུལ་འདེད་བཏང་བ་དང་། རང་འགུལ་ངང་བུན་འཛིན་སྣ་ཚོགས་མེད་པ་བཟོས་པ། ཁྱིམ་ཚང་གི་རྒྱུ་ནོར་ཞལ་འདེབས་ཧུར་ཐག་ཕུལ་ནས་བོད་ལྗོངས་གསར་པའི་འཛུགས་སྐྲུན་ནང་ཞུགས་ཏེ་བོད་ཞི་བའི་བཅིངས་འགྲོལ་དང་དམངས་གཙོའི་བཅོས་སྒྱུར་མངོན་འགྱུར་ཆེད་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད། མ་གྲོངས་བར་དུའང་སྤོ་བོ་ལགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བཅངས་པའི་ཡིད་ཆེས་ལ་གཡོ་འགུལ་སྤུ་ཙམ་ཡང་ཐེབས་མྱོང་མེད།

    བོད་ཀྱི་འཕེལ་རྒྱས་ནི་མིག་མཐོང་ལག་ཟིན་ཐུབ་པ་ཞིག་རེད། དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་ནས་བོད་ཀྱི་དམངས་འཚོ་དང་། སློབ་གསོ། སྨན་བཅོས། རིག་གནས། འགྲིམ་འགྲུལ་སོགས་ཁྱབ་ཁོངས་ཁག་ཚང་མར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་ཐོབ་ཡོད།

    “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང་2035ལོའི་རྒྱང་རིང་གི་དམིགས་ཚད་ལག་བསྟར་བྱེད་པའི་མཚམས་འདིར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་འཆར་འགོད་དང་བཀོད་སྒྲིག་གནང་སྟེ་འཚོགས་པའི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་གནང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་འཆར་གཞི་བཀོད་ཡོད། འབྱུང་འགྱུར་ང་ཚོ་ཏང་ཕྱིའི་རྒྱལ་གཅེས་མི་སྣའི་རྗེས་རབས་པ་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། བོད་ཀྱི་རྒྱལ་གཅེས་མི་སྣ་རྒན་རབས་པ་ཚོས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གུང་ཁྲན་ཏང་གི་རྗེས་སུ་འབྲང་བའི་སྲོལ་རྒྱུན་བཟང་པོ་མུ་མཐུད་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་རང་ངོས་ཀྱི་ལས་གནས་ཐོག་ནུས་ཤུགས་གང་ཡོད་འདོན་པ་དང་སྲིད་གྲོས་སོགས་ཀྱི་ལས་སྟེགས་བརྒྱུད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་ལ་མི་སེམས་གཅིག་ཏུ་སྒྲིལ་རོགས་དང་ཐབས་འདོན་ཇུས་འབུལ་བྱས་ཏེ་བོད་ཀྱི་ཞི་མཐུན་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ཆེད་རང་ངོས་ཀྱི་སྟོབས་ཤུགས་སྐྱེས་སུ་ཕུལ་བ་དང་། དེ་བས་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་བསུ་བ་ཞུ་རྒྱུ་ཡིན། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།