དབུ་ཤོག>ཆེད་སྒྲིག
  • བོད་ཀྱི་ཡར་ལངས་ཞིང་བྲན་གྱི་བརྙན་པར་ཡིག་ཚགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-03-30

    328218_yis_1617033600000_s.jpg

    འདི་ནི་ཚེ་རིང་ལྷ་མོ་ཡིན་པ།

    328216_yis_1617033600000_s.jpg

    འདི་ནི་ཚེ་རིང་ལྷ་མོ(དཀྱིལ)དང་རོགས་རེས་ཚོགས་ཆུང་གི་ཁོངས་མིའི་མི་རབས་རྗེས་མ་དང་མཉམ་དུ་བརྒྱབ་པའི་པར་ཡིན་པ།

    328214_yis_1617033600000_s.jpg

    འདི་ནི་ཚེ་རིང་ལྷ་མོ(གཡོན་གྱི་དང་པོ)དང་རོགས་རེས་ཚོགས་ཆུང་གི་ཁུངས་མིས་ཞིང་ནང་དུ་ལས་ཀ་བྱེད་བཞིན་པ། པར་འོག་མ་ནི་ཚེ་རིང་ལྷ་མོས(གཡོན་གྱི་མདུན)སྡེ་ཁུལ་གྱི་གྲོང་ལྷན་དུ་ཐའེ་ཅི་དྲག་རྩལ་སྦྱོང་བཞིན་པ།

    328212_yis_1617033600000_s.jpg

    འདི་ནི་1965ལོའི་ཟླ་9ཚེས་8ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོར་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང་། ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་འདེམས་བསྐོ་བྱེད་པའི་སྐབས་སུ་འཐུས་མི་ཚེ་རིང་ལྷ་མོས(གཡས་ཀྱི་དང་པོ)འདེམས་ཤོག་འཕེན་བཞིན་པ། པར་གཡས་པ་ནི་1979ལོར་ཚེ་རིང་ལྷ་མོ(མདུན)ཡིས་ཀུང་ཧྲེའི་ཧྲེ་ཡོན་གྱི་སྣེ་འཁྲིད་དེ་ཚན་རིག་དང་མཐུན་པའི་ཞིང་ཁ་འདེབས་པའི་ལས་དོན་སྤེལ་ཏེ་ཞིང་ནང་དུ་དགུན་གྲོ་དང་རྒྱ་སྲན་སྣོལ་འདེབས་བྱས་ཚུལ་ལ་ལྟ་བཞིན་པ།

    འདི་ལོ་ལོ་95ལ་སོན་པའི་ཚེ་རིང་ལྷ་མོ་ནི་ལྷུན་རྩེ་རྫོང་གསང་སྔགས་ཆུས་ཀྱི་བ་ཚང་གོག་ཧྲུལ་ཞིག་ཏུ་སྐྱེས་པ་དང་། ལོ་6ནས་བཟུང་ཁོང་གིས་མངའ་བདག་གི་ནང་བཟན་བྱས་ཏེ་འཚོ་བའི་དཀའ་སྡུག་ཚང་མ་མྱངས་ཡོད།

    ཚེ་རིང་ལྷ་མོས“ང་རང་ལོ་6ལ་སླེབས་དུས་མངའ་བདག་གཞན་ཞིག་ལ་བཙོངས་པ་དང་། དེ་དུས་གཉེར་པའི་ཕྲུ་གུར་ལྟ་སྐྱོང་བྱེད་དགོས། སྐབས་དེ་དུས་རང་ཉིད་གཟུགས་སྟོབས་ཆུང་ལ་ཤ་རིད་པ་ཞིག་ཡོད་པས་ལྟ་སྐྱོང་བྱེད་དགོས་པའི་ཕྲུ་གུ་རྒྱགས་པ་དེ་རྒྱབ་ཏུ་འཁུར་རིམ་བཞིན་རང་ཉིད་ས་ལ་འགྱེལ་འགྲོ་ཡི་ཡོད། ཕྲུ་གུ་ངུས་ཚེ་རང་ཉིད་ལ་ཉེས་རྡུང་ཕོག་གི་ཡོད”ཅེས་ཕྱིར་དྲན་བྱེད་བཞིན་དུ་བཤད།

    ནང་བཟན་ནི་ཞིང་བྲན་བདག་པོས་གང་བྱུང་དུ་བཙོངས་བའམ་སྤྲོད་ཀྱི་ཡོད། ལོ་12ལ་སླེབས་སྐབས་ཚེ་རིང་ལྷ་མོ་རང་དབང་མེད་པར་ཨ་མ་དང་ཁ་བྲལ་ནས་ཆ་རྒྱུས་གང་ཡང་མེད་པའི་བསམ་མཁར་གཞིས་ཀར་སླེབས། 1959ལོར་ཚེ་རིང་ལྷ་མོ་ཡོད་སའི་བསམ་མཁར་གྲོང་ཚོར་དམངས་གཙོའི་བཅོས་སྒྱུར་བྱས་ཤིང་། ལོ་དེར་ཚེ་རིང་ལྷ་མོ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱ་དང་མཉམ་དུ་ཡར་ལངས་བཅིངས་འགྲོལ་ཐོབ་ནས། སྲིད་གཞུང་གིས་ཁོང་ཁྱིམ་མི་3ལ་ཁང་པ་དང་། ས་ཞིང་། ལུག་བཅས་བགོས་ཡོད།

    ཚེ་རིང་ལྷ་མོའི་ལྕག་སྐུལ་དང་སྣེ་ཁྲིད་འོག 1961ལོའི་ཟླ་3པར་དེ་སྔ་ནང་བཟན་ལས་གྲུབ་པའི་བོད་ཀྱི“དབུལ་པོའི་རོགས་རེས་ཚོགས་ཆུང”དང་པོ་དེ་སྣེ་གདོང་རྫོང(དེང་གི་སྣེ་གདོང་ཆུས)བསམ་མཁར་གྲོང་ཚོར་བཙུགས་པ་རེད། དུས་རབས་གོང་མའི་ལོ་རབས་བདུན་ཅུ་དང་བརྒྱད་ཅུའི་ནང་ཚེ་རིང་ལྷ་མོར“རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང”དང“རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་བ”སོགས་ཀྱི་མཚན་སྙན་ཐོབ་པ་མ་ཟད། སྐབས་གཉིས་བསྟུད་མར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་ལ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལའང་བདམས་ཡོད།

    ད་ཆ་ཚེ་རིང་ལྷ་མོ་རང་ཉིད་ཀྱི་བུ་མོ་དང་མཉམ་དུ་ལྷོ་ཁ་གྲོང་ཁྱེར་རྩེད་ཐང་གྲོང་རྡལ་དུ་འཚོ་བ་བསྐྱལ་ནས་བདེ་སྐྱིད་ལྡན་པའི་ཚེ་མཇུག་ལ་རོལ་བཞིན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།