དབུ་ཤོག>ཆེད་སྒྲིག
  • མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་62འཁོར་བར་དྲན་གསོ་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-03-29

     དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད། གངས་ལྗོངས་ས་མཐོར་དགའ་སྤྲོས་ཁེངས། བོད་ཀྱིས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་62འཁོར་བར་བསུ་བ་ཞུས་ཤིང་། ཉིན་ཤས་རིང་། གྲོང་ཁྱེར་དང་གྲོང་གསེབ་ཏུ་རང་ལྗོངས་ཀྱི་གྲོང་ཁྱེར་དང་། ས་ཁུལ། སྡེ་ཚན་བཅས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ལོ་རྒྱུས་ཕྱིན་དྲན་དང་། མང་ཚོགས་རང་བཞིན་གྱི་རིག་རྩལ་འཁྲབ་སྟོན། སྒྲོག་འགྲེལ་སྙན་ཞུ་སོགས་ཀྱི་རྣམ་པ་སྣ་ཚོགས་ཐོག་ནས་དྲན་གསོའི་བྱེད་སྒོ་སྤེལ་ཏེ་རླབས་ཆེན་འཕོ་འགྱུར་བློ་ལ་བརྟན་པོར་ངེས་པ་དང་མདུན་སྐྱོད་ཀྱི་སྟོབས་ཤུགས་འཕེལ་བར་བྱས་པ་རེད།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་ཁྲོམ་གཟིགས་སྒང་སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས་ཁོངས་གཏོགས་ཁུལ་དུ་བཅའ་སྡོད་ཚན་པ་དང་། སྡེ་ཁུལ་གྱི་དྲ་མིག་ཏང་ཀྲི་པུའུ། ཁོངས་གཏོགས་ཁུལ་གྱི་གྲོང་མི་བཅས་ཀྱི་ཁྲོད་ནས་ཁྱོན་ཏང་ཡོན་50ལྷག་ཙམ་སྒྲིག་འཛུགས་བྱས་ཏེ། བོད་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་དང་། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་གྱི་དྲན་གསོ་ཁང་། ཆིང་སྲིད་གཞུང་གི་བོད་སྡོད་ཨམ་བན་ཡ་མོན་གྱི་གནས་རྙིང་བཤམས་སྟོན་ཁང་བཅས་སུ་སློབ་སྦྱོང་སློབ་གསོ་སྤེལ་བར་བསྐྱོད་པ་དང་། ལྷ་ས་གྲོང་ཨུད་ཏང་གི་སློབ་གྲྭའི་དགེ་རྒན་ཉི་མ་བསྟན་འཛིན་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཤེས་བྱ་འཆད་ཁྲིད་བྱེད་པར་གདན་དྲངས་ཤིང་། ཁོང་གིས་གསར་བརྗེའི་སྔོན་གཤེགས་དཔའ་བོ་དང་། དཔེ་མཚོན་མི་སྣའི་བྱས་རྗེས། དེ་བཞིན་ཤུགས་རྐྱེན་ཟབ་པའི་ལོ་རྒྱུས་ཀྱི་དོན་ཆེན་བཅས་ཟུང་འབྲེལ་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་ཏང་ཡོན་ཚོར་གསོན་ཉམས་ལྡན་པའི་ཏང་གི་སློབ་ཚན་ཐེངས་གཅིག་འཁྲིད་པ་རེད། ལྟ་སྐོར་དང་ཏང་གི་སློབ་ཚན་ཉན་པ་བརྒྱུད། རྒྱ་ཆེའི་ཏང་ཡོན་དང་མང་ཚོགས་ཚོར་དེང་གི་མཛེས་སྡུག་ལྡན་པའི་འཚོ་བར་གཅེས་སྤྲས་དང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་རང་འགུལ་ངང་སྲུང་སྐྱོང་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་པ་རེད།

    མངའ་རིས་ས་ཁུལ་དང་དེ་བཞིན་སྤུ་ཧྲེང་དང་། རྩ་མདའ། རུ་ཐོག་བཅས་རྫོང་གསུམ་དུ་རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པས་ལས་བྱེད་པ་དང་མང་ཚོགས་ཁྲོད་དུ་བསྐྱོད་དེ། བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་62འཁོར་བར་དྲན་གསོ་ཞུ་བའི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་འཚོགས་པ་རེད། རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཏང་ཙུའི་ཁོངས་མི་ཡོན་ཀྲང་གཞོན་པ་ཞུས་ཝུན་ཧྭ་ཡིས་སྙན་ཞུའི་ཚོགས་འདུའི་ཐོག《ལོ་རྒྱུས་ཀྱི་མཛད་རྗེས་རྡོ་རིང་། མི་དམངས་བདེ་སྐྱིད་ཀྱི་འབྱུང་རྩ》ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་སྒྲོག་འགྲེལ་སྙན་ཞུ་བྱེད་རིང་། དོན་ཟབ་ལ་ཚིག་གསལ་བའི་སྐད་ཆ་དང་། གནད་ལ་འཕིགས་པའི་རྒྱས་བཤད། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་གྱི་གསལ་འགྲེལ་བཅས་ཀྱི་ཐོག་ནས་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་པའི་དོན་སྙིང་གལ་ཆེན་དང་། བོད་ཞི་བས་བཅིངས་འགྲོལ་བཏང་བ་དང་ལྷག་པར་དུ་དམངས་གཙོའི་བཅོས་སྒྱུར་བྱས་ཚུན་ཐོབ་པའི་རླབས་ཆེའི་གྲུབ་འབྲས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་དམངས་ལ་ཐུགས་ཁུར་གཟབ་གཞེས་གནང་བ་བཅས་ལ་རྒྱས་བཤད་གཏིང་ཟབ་བྱས་པ་རེད། ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། བློ་བརྟན་འགྱུར་མེད་ངང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་རང་རང་སོ་སོའི་ལས་གནས་ལ་གཞི་ཚུགས་ནས་མངའ་རིས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་བར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཅིག་མཐུད་ངང་བཤད་པ་རེད།

    བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་62འཁོར་བར་རྟེན་འབྲེལ་ཞུ་ཆེད། ཉེ་ཆར་རྒྱལ་ཁབ་གློག་དྲ་ཆབ་མདོ་གློག་འདོན་ཀུང་སིས“ལོ་རྒྱུས་བློ་ལ་ངེས། འབྱུང་འགྱུར་གསར་གཏོད་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་་པའི་ཏང་གི་བྱེད་སྒོ་སྤེལ་ཞིང་། ཀུང་སིའི་ཏང་ཡོན་དང་ལས་བྱེད་ལས་བཟོ་སྒྲིག་འཛུགས་བྱས་ཏེ་ཆབ་མདོ་གྲོང་ཁྱེར་གྱི་གསར་བརྗེའི་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་དུ་ལྟ་སྐོར་བྱས་པ་རེད། བྱེད་སྒོ་སྤེལ་རིང་ཏང་ཡོན་ཚོས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་འོད་སྟོང་འཕྲོ་བའི་བྱས་རྗེས་བློ་ལ་བརྟན་པོར་ངེས་པ་དང་། ཏང་ཞུགས་དམ་བཅའ་བློ་བརྟན་འགྱུར་མེད་ངང་ལག་བསྟར། གུང་ཁྲན་ཏང་མིའི་སྔོན་ཐོན་རང་བཞིན་ནམ་ཡང་མི་ཉམས་པ། རང་རང་སོ་སོའི་ལས་གནས་ལ་གཞི་ཚུགས་ནས་འབད་བརྩོན་ཧུར་ཐག་བཅས་བྱས་ཏེ། ནུས་རྒྱུ་གཙང་མ་དང་ཐཱན་ཉུང་ཕྱོགས་སྒྱུར་ཀྱི་སྣེ་ཁྲིད་པ་དང་། སྐུལ་འདེད་པ། སྔོན་སྐྱོད་པ་བཅས་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།