དབུ་ཤོག>ཆེད་སྒྲིག
  • རླབས་ཆེའི་འཕོ་འགྱུར་ལས་གངས་ལྗོངས་ས་མཐོའི་རྣམ་པ་གསར་པར་གྱུར་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-03-28

    1959ལོའི་ཟླ་3པར་ངོ་ལོག་ཟིང་འཁྲུག་ཞོད་འཇགས་གཏོང་འགོ་ཚུགས་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཞིང་བྲན་ཁྲི་ཚོ་བརྒྱའི་འགོ་ཁྲིད་དེ་ཞོད་འཇགས་གཏོང་ཞོར་དུ་བཅོས་སྒྱུར་བྱས་ཤིང་། བོད་ཀྱི་ས་ཁུལ་དུ་ས་ཞིང་གསར་བརྗེ་དང་། དགོན་སྡེ་བཅོས་སྒྱུར། ཞིང་བྲན་ལ་བཅིངས་འགྲོལ། འུ་ལག་དང་སྐྱེད་ཆེའི་བུ་ལོན་མེད་པ་བཟོ་བ་བཅས་ནང་དོན་གཙོ་བོར་བྱས་པའི་སྤྱི་ཚོགས་བཅོས་སྒྱུར་ཕྱོགས་ཡོངས་ནས་བྱས་ཏེ། ལོ་གཉིས་ལྷག་ཙམ་གྱི་ནང་། བོད་དུ་དུས་རབས་ཁ་ཤས་རྒྱུན་མཐུད་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་བཟོས་པ་དང་། སྤྱི་ཚོགས་རྙིང་པའི་འདམ་རྫབ་ཆུ་རྙོག་གཙང་སེལ་བྱས་པས་ཞིང་བྲན་ཁྲི་ཚོ་བརྒྱ་ཡར་ལངས་བཅིངས་འགྲོལ་ཐོབ་སྟེ་རང་ཁྱིམ་རང་བདག་བྱུང་བ་དང་བོད་ཀྱི་སྤྱི་ཚོཌ་རྣམ་པ་གསར་རྐྱང་དུ་གྱུར་ཡོད།

    ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་དམངས་གཙོའི་བཅོས་སྒྱུར་བྱས་པས་ཡར་ལངས་ཞིང་བྲན་ལ་མི་ལུས་བཅིངས་འགྲོལ་ཐོབ་ནས་ཐེངས་དང་པོར་འཚོ་གནས་ཀྱི་དབང་ཆ་དང་འཕེལ་རྒྱས་ཀྱི་དབང་ཆ་རག་པ་དང་། ཐེངས་དང་པོར་ཆབ་སྲིད་ཀྱི་དབང་ཆ་རྒྱ་ཁྱབ་ངང་ལོངས་སྤྱོད་བྱ་རྒྱུ་བྱུང་བ་དང་རང་རྒྱལ་གྱི་སྤྱི་དམངས་ལ་དབང་བའི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་ཀྱི་དབང་ཆ་ཐམས་ཅད་རག་ནས་དམིགས་བསལ་ཚོགས་སྤྱིའི་དབང་ཆར་འགན་ལེན་གང་ལེགས་བྱུང་བ་དང་། བོད་ལ་ཆོས་དད་རང་མོས་མངོན་འགྱུར་བྱུང་ནས་བོད་ཀྱི་མི་རིགས་ཁག་འདྲ་མཉམ་དངོས་འབྲེལ་བྱུང་ཡོད།

    དྲན་གསོ་ཁང་དུ་སྐྱོད་སྐབས། དཀའ་སྡུག་ནས་འོད་སྟོང་དང་ཉམ་ཆུང་ནས་སྤོབས་པའི་བར་གྱི་ང་ཚོའི་དུས་ཚོད་དང་ལོ་རྒྱུས་ཀྱི་སྦྲེལ་མཚམས་ནང་། མངོན་གསལ་དོད་པའི་སྤྱི་ཚོགས་གསར་རྙིང་བསྡུར་བའི་པར་རིས་རེ་རེ་དང་ཁུངས་སྐྱེལ་ར་སྤྲོད་ཀྱི་ཚད་ལྡན་ཡིག་ཆ་དང་རིག་དངོས་རེ་རེ་ལས་མུན་ནག་དང་། སྒེར་གཅོད། རྗེས་ལུས། གདུག་རྩུབ་བཅས་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་བོད་རྙིང་པ་མཐོང་ཐུབ་པ་མ་ཟད། དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་62སོང་རིང་བོད་དུ་བྱུང་བའི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་གྲུབ་འབྲས་ཀྱང་མཐོང་ཐུབ། 

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།