དབུ་ཤོག>ཆེད་སྒྲིག
  • མི་དམངས་ཀྱི་དུས་ཆེན་ལ་རྟེན་འབྲེལ་ཞུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-03-28

    “3·28”ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བློ་ལ་ནམ་ཡང་གསལ་པོར་ངེས་པའི་ཉིན་མོ་ཞིག་རེད་ལ། བོད་མི་དམངས་ཀྱིས་རྟེན་འབྲེལ་ཞུ་རིན་ཧ་ཅང་ཆེ་བའི་དུས་ཆེན་ཞིག་ཀྱང་རེད།

    1959ལོར་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་བོད་ལ་དམངས་གཙོའི་བཅོས་སྒྱུར་ལག་བསྟར་བྱ་རྒྱུའི་གཏན་འབེབས་བྱས་ཏེ་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་བཟོས་པས། ཞིང་བྲན་ཁྲི་ཚོ་བརྒྱ་མུན་ནག་དང་ཁ་གྱེས་ནས་འོད་ཟེར་ལྡན་པ་དང་། དཀའ་སྡུག་དང་ཁ་གྱེས་ནས་བདེ་སྐྱིད་ལྡན་པར་གྱུར་ཡོད།

    ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་སྟོང་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག་དམངས་གཙོའི་བཅོས་སྒྱུར་བྱས་ཚུན་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་ལོ་རྒྱུས་དུས་མཚམས་ཁག་ཏུ་རྔམ་བརྗིད་ལྡན་པའི་ལེའུ་བརྩམས་ཤིང་། གངས་ལྗོངས་ས་མཐོ་མུན་ནག་ནས་འོད་ཟེར་དང་། རྗེས་ལུས་ནས་ཡར་ཐོན། དབུལ་ཕོངས་ནས་འབྱོར་ཕྱུག སྲིད་དབང་སྒེར་གཅོད་ནས་དམངས་གཙོ། སྒོ་རྒྱག་ནས་སྒོ་དབྱེ་བཅས་ཀྱི་ཕྱོགས་སུ་བསྐྱོད་པའི་ལོ་རྒྱུས་ཀྱི་མཆོང་སྐྱོད་མངོན་འགྱུར་བྱུང་སྟེ། དུས་ཐུང་ལོ་བཅུ་ཕྲག་རིང་ལོ་ངོ་སྟོང་གི་མཆོང་སྐྱོད་ཐུབ་པའི་མི་ཡུལ་གྱི་ངོ་མཚར་བཏོད་ཅིང་། ཞི་མཐུན་བརྟན་ལྷིང་དང་བདེ་སྐྱིད་ཁམས་བཟང་གི་བོད་ལྗོངས་གསར་པ་ཞིག་འཛམ་གླིང་གི་ཡང་རྩེར་འགྱིང་ངེར་གནས་བཞིན་ཡོད།

    འདི་ལོ་ནི་བོད་དུ་དམངས་གཙོའི་བཅོས་སྒྱུར་དང་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་62འཁོར་བ་དང“བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ”བཙུགས་ནས་ལོ་12འཁོར་བའི་ལོ་ཞིག་རེད། མིག་སྔར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སྣེ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་སྔར་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་འབད་བརྩོན་བྱེད་བཞིན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།