དབུ་ཤོག>ཆེད་སྒྲིག
  • བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་གིས་ཚེས་28ཉིན་ནས་བཟུང་སྤྱི་ཚོགས་ལས་རིགས་ཁག་གི་ལྟ་སྐོར་བར་སྣེ་ལེན་ཞུ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-03-27

     ཉེ་ཆར། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གིས《བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་གིས་སྤྱི་ཚོགས་ལས་རིགས་ཁག་གི་ལྟ་སྐོར་བར་སྣེ་ལེན་ཞུ་བའི་སྤྱི་བསྒྲགས》ཁྱབ་བསྒྲགས་བྱས་པ་རེད། 《སྤྱི་བསྒྲགས》ནང་ཟླ་3ཚེས་28ཉིན་ནས་བཟུང་། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་གིས་སྤྱི་ཚོགས་ལས་རིགས་ཁག་གི་ལྟ་སྐོར་བར་སྣེ་ལེན་ཞུ་རྒྱུ་ཡིན་པ་དང་། ལྟ་སྐོར་བྱེད་སྒོ་བདེ་འཇགས་དང་གོ་རིམ་ལྡན་པ་ཡོང་ཆེད། ལྟ་སྐོར་དུ་ཡོང་མཁན་ཚོགས་པ་དང་མི་སྒེར་གྱིས་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ལ་སྔོན་ནས་འབྲེལ་གཏུག་བྱེད་དགོས།

    《བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་གིས་སྤྱི་ཚོགས་ལས་རིགས་ཁག་གི་ལྟ་སྐོར་ལ་སྣེ་ལེན་ཞུ་བའི་སྤྱི་བསྒྲགས》ཀྱི་ནང་དོན་གཤམ་གསལ།

    བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་ནི་བྲན་གཡོག་ལམ་ལུགས་མེད་པར་བཟོ་བའི་ལས་འགུལ་སྐོར་གྱི་རང་རྒྱལ་གྱི་དྲན་གསོ་ཁང་འབའ་ཞིག་རེད་ལ། ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་རླབས་ཆེན་གྱི་དམངས་གཙོའི་བཅོས་སྒྱུར་བྱས་ནས། ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པ་གཅིག་སྡུད་ཐོག་མཚོན་པའི་ཕྱོགས་བསྡུས་རང་བཞིན་གྱི་བརྗོད་དོན་གཙོ་བོའི་འགྲེམས་ཁང་ཆེ་གྲས་ཤིག་ཀྱང་རེད།

    མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་ཆེད། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་གིས། ཟླ་3ཚེས་28ཉིན་ནས་བཟུང་སྤྱི་ཚོགས་ལས་རིགས་ཁག་གི་ལྟ་སྐོར་ལ་སྣེ་ལེན་ཞུ་རྒྱུ་ཡིན་པ་དང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལྟ་སྐོར་ལ་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་རྒྱུ་ཡིན། ལྟ་སྐོར་བྱེད་སྒོ་བདེ་འཇགས་དང་གོ་རིམ་ལྡན་པ་ཞིག་ཡོང་ཆེད། ལྟ་སྐོར་ཚོགས་པ་དང་མི་སྒེར་གྱིས་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ལ་སྔོན་ནས་འབྲེལ་གཏུག་བྱས་ནས། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་གི་ལྟ་སྐོར་ཁྲིད་སྟོན་གྱི་བཀོད་སྒྲིག་ལ་བརྩི་སྲུང་ཞུ་དགོས།

    དྲན་གསོ་ཁང་གིས་སྣེ་ལེན་ཞུ་བའི་དུས་ཚོད། སྔ་དྲོའི་ཆུ་ཚོད་9:30—13:00 ཕྱི་དྲོའི་ཆུ་ཚོད་15:30—17:00

    དྲན་གསོ་ཁང་གནས་ཡུལ། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང(ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་རིགས་ལྷོ་ལམ་སྒོ་རྟགས་ཨང་2པ། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་བཤམས་མཛོད་ཁང་རྙིང་པ)

    འབྲེལ་གཏུག་མི་སྣ། ཉི་མ། 13638910752 ཐེན་ཧའེ་ཅུན། 13983935650

    འབྲེལ་གཏུག་ཁ་པར་དང་བརྙན་སྐྱེལ། 0891—6812206

    བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ནས།

    2021ལོའི་ཟླ་3ཚེས་26ཉིན།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།