དབུ་ཤོག>ཆེད་སྒྲིག
  • ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་གསར་བརྗེའི་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་དུ་ལྟ་སྐོར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2021-03-26

    “ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དེ་བས་དམ་པ”བཅས་དགོས་པའི་ཆེད་དོན་སློབ་གསོ་དང་ཏང་གི་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་ནས་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་དང་ཏང་ཡོན་ཡོངས་ཀྱི་ཐོག་མའི་བསམ་འདུན་སྲུང་བ་དང་འགན་འཁྲི་འཁུར་བའི་བསམ་བློ་དང་བྱ་སྤྱོད་ཀྱི་རང་རྟོགས་བརྟན་དུ་ཏན་ཏིག་གཏོང་ཆེད། ཉེ་ཆར། ཆབ་མདོ་གྲོང་ཨུད་ལས་བྱེད་པ་རྒན་གྲས་ཅུས་ཀྱིས་ཆབ་མདོ་གྲོང་ཁུལ་དུ་བཀོད་སྒྲིག་བྱས་པའི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་ཁག་དང་པོ་སྒྲིག་འཛུགས་བྱས་ནས་ཆབ་མདོ་གྲོང་ཁྱེར་གྱི་གསར་བརྗེའི་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་དུ་ལྟ་སྐོར་དུ་ཁྲིད་དེ་ཆབ་མདོར་བཅིངས་འགྲོལ་བཏང་བའི་ལོ་རྒྱུས་བསྐྱར་དྲན་བྱས་པ་རེད།

    བློ་མཐུན་རྒན་གྲས་ཚོས་སྔ་རྗེས་སུ་ཆབ་མདོ་ས་ཁུལ་གྱི་མི་དམངས་བཅིངས་འགྲོལ་ཨུ་ལྷན་གཞུང་དོན་ཁང་གི་གནའ་ཤུལ་དང་། དམག་དཔོན་ཐོག་ཁང་། ཆབ་མདོའི་བཅིངས་འགྲོལ་གསར་བརྗེའི་རིག་གནས་ཁང་སོགས་སུ་ལྟ་སྐོར་བྱས་པ་རེད། རྟེན་རྫས་བཤམས་མཛོད་ཁང་ནང་གཅེས་ཉར་བྱས་པའི་རྩ་ཆེའི་ལོ་རྒྱུས་རིག་དངོས་དང་དཔྱད་གཞིའི་ཡིག་རིགས་ཀྱིས་ཆབ་མདོའི་གསར་བརྗེའི་ལོ་རྒྱུས་རིག་གནས་ཀྱི་ནང་དོན་གང་ལེགས་མངོན་པ་མ་ཟད། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”གསལ་འགྲེལ་བྱས་ཡོད། འཆད་འགྲེལ་པས་ཕྱོགས་ཡོངས་ནས་འགྲེལ་བཤད་བརྒྱབ་པ་བརྒྱུད་བློ་མཐུན་རྒན་གྲས་ཚོས་ཆབ་མདོའི་བཅིངས་འགྲོལ་ལོ་རྒྱུས་དང་གསར་བརྗེའི་ལོ་རྒྱུས་དང་དེ་བཞིན་དཔའ་བོ་ཚོའི་འོད་སྟོང་འཕྲོ་བའི་བྱས་རྗེས་ལ་དེ་བས་ཟབ་པའི་ཤེས་རྟོགས་བྱུང་སྟེ། ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་དང་ཏང་ཡོན་གྱིས་དུས་རབས་གསར་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་སེམས་ལ་འཆང་བའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་འཕེལ་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།