དབུ་ཤོག>ཆེད་སྒྲིག
  • གསར་བརྗེའི་རྗེས་ཤུལ་དུ་བསྐྱོད་ནས་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-03-25

    304103_yis_1616601600000_s.jpg

    འདི་ནི་མངའ་རིས་ཡན་ལག་ལས་དོན་ཨུ་ལྷན་གྱི་གནས་རྙིང་དྲན་གསོ་ཁང་ཡིན་པ།

    306811_yis_1616601600000_s.jpg

    (དེ་བས་མང་བའི་ནང་དོན་ཤེས་འདོད་ན་རྩ་གཉིས་ཨང་རྟགས་འདི་བཤེར་རོགས)

    ལྷ་ས་ནས་རླངས་འཁོར་བསྡད་དེ་སྤྱི་ལེ་1400ལྷག་ཙམ་བསྐྱོད་རྗེས་ང་ཚོ་མངའ་རིས་ས་ཁུལ་སྒར་རྫོང་དགུན་ས་ཤང་དུ་ཡོད་པའི་མངའ་རིས་ཡན་ལག་ལས་དོན་ཨུ་ལྷན་གྱི་གནས་རྙིང་དུ་འབྱོར་བྱུང་། གནས་རྙིང་ཁང་གི་རིག་དངོས་དང་། པར་རིས། ཡི་གེ་བཅས་ཚང་མ་ལས། སྐབས་དེ་དུས་ཀྱི་གཟི་བརྗིད་ལྡན་ལ་རླབས་པོ་ཆེའི་ལོ་རྒྱུས་ལ་དཔང་པོ་བྱེད་ལ། མི་རྣམས་ཀྱི་སེམས་སུ་ནམ་ཡང་མི་ནུབ་པའི་ལོ་རྒྱུས་ཀྱི་རྡོ་རིང་ཞིག་བཙུགས་ལྟར་སྣང་།

    མངའ་རིས་ཡན་ལག་ལས་དོན་ཨུ་ལྷན་གྱི་གནས་རྙིང་དུ་སྐྱོད་སྐབས། མིག་ལམ་དུ་དེ་སྔའི་སློབ་གྲྭ་དང་སྨན་ཁང་དང་དེ་བཞིན་སྡེ་ཚན་ཁག་གི་གཞུང་ལས་ཁང་རྙིང་པ་དག་འཆར་ཅིང་། ཀྲུང་གུང་མངའ་རིས་ཡན་ལག་ལས་དོན་ཨུ་ལྷན་གྱི་གནས་རྙིང་འགྲམ་དུ་ཡོད་པའི་དྲན་གསོ་ཁང་དེ་སྔོན་མའི་ཚོགས་ཁང་ལྟར་བསྐྲུན་པ་དང་དེ་དང་ཆབས་ཅིག་སྐབས་དེ་དུས་ཀྱི་གློག་བརྙན་ཁང་དང་། གོས་བརྗེ་ས། གཞུང་ལས་ཁང་བཅས་ཁག་གཅིག་མཉམ་དུ་ཉམས་བཟོ་བྱས་འདུག

    དྲན་གསོ་ཁང་གི་འགྲེམས་ཁུལ་དེ། ཡན་ལག་ལས་དོན་ཨུ་ལྷན་གྱི་ལོ་རྒྱུས་གསར་བརྗེ་དང་། དཀའ་སྤྱད་འབད་འཐབ། འོད་སྟོང་འཕྲོ་བའི་ལོ་རྒྱུས།

     རྒྱང་སྐྱོད་གསར་པ་དང་འགོ་འཛུགས་ས་གསར་པ་བཅས་ཁག་བཞི་ལ་ཕྱེ་ཡོད། འགྲེམས་ཁང་རྒྱ་ཆེ་པོ་མེད་ཀྱང་། སྔོན་སྐྱོད་ལེན་བོད་དུ་བསྐྱོད་ཚུན་གྱི་མངའ་རིས་ཀྱི་འོད་སྟོང་འཕྲོ་བའི་ལོ་ཟླ་ཞིབ་ཅིང་ཕྲ་ལ་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད།

    ཀྲུང་གོ་གསར་པ་དབུ་བརྙེས་རྗེས། ཏང་ཀྲུང་དབྱང་གིས་ལྷོ་ནུབ་ཅུས་དང་ནུབ་བྱང་ཅུས་ལ་ཏར་བཏང་ནས་བོད་དུ་དཔུང་འཇུག་བྱེད་དགོས་པའི་བཀའ་རྒྱ་བཏང་བ་རེད། དེ་ནི་ང་ཚོས་རྒྱུས་མངའ་ཆེ་ཤོས་ཀྱི་བོད་ལ་བཅིངས་འགྲོལ་གཏོང་བའི་ལམ་གཉིས་ཏེ་སི་ཁྲོན་དང་མཚོ་སྔོན་ནས་ཁག་སོ་སོར་དམག་མི་བཏང་ཡོད།

    མངའ་རིས་ཡན་ལག་ལས་དོན་ཨུ་ལྷན་གྱི་གནས་རྙིང་ནས་ང་ཚོས་བོད་བཅིངས་འགྲོལ་གཏོང་ཆེད་བརྒྱུད་མྱོང་བའི་ལམ་གཞན་ཞིག་མཐོང་བ་དེ་ནི་ཤིན་ཅང་ཡུས་ཏན་པུའུ་ལུའུ་གྲོང་ཚོ་ནས་རྡོག་ཐོན་བྱེད་མཁན་མངའ་རིས་ཀྱི་སྔོན་སྐྱོད་ལེན་སྐྱོད་མྱོང་བའི་ལམ་དེ་ཡིན། སྔོན་སྐྱོད་ལེན་གྱི་མི་གྲངས་དང་དམག་འཐབ་ཀྱི་གཞི་ཁྱོན་ནས་བརྗོད་ན། དེ་སྔོན་དཔུང་སྡེ་གཉིས་དང་བསྡུར་ཐབས་མེད་ཀྱང་། སྔོན་སྐྱོད་ལེན་དེ་ནི་བོད་དུ་སྐྱོད་མཁན་དཔུང་སྡེ་དང་པོ་དེ་ཡིན་པ་མ་ཟད། བོད་མི་དམངས་དང་འབྲེལ་གཏུག་བྱེད་མཁན་གྱི་མི་དམངས་བཅིངས་འགྲོལ་དམག་གི་དཔུང་སྡེ་དང་པོ་དེའང་ཡིན།

    1950ལོའི་ཟླ་8ཚེས་29ཉིན་ལི་ཀེན་སེན་གྱིས་བོད་སྐྱོད་སྔོན་སྐྱོད་ལེན་གྱི་སྣེ་ཁྲིད་དེ་ལ་ཀླུང་མང་པོ་བརྒྱབ་མཐར། མངའ་རིས་ས་ཁུལ་སྒེར་རྩེ་རྫོང་གྲ་མ་མང་པོར་འབྱོར། དུས་དེ་ནས་བཟུང“སྔོན་སྐྱོད་ལེན་གྱི་སྙིང་སྟོབས”ཀྱིས་མཚོན་པའི“གསར་བརྗེའི་ས་བོན”མངའ་རིས་ཀྱི་ས་གཞི་ཆེ་མོར་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱུང་ཡོད།

    ས་བཀྲའི་ཐོག་གི་ཐིག་དེ་དག་ལས། ང་ཚོས་སྔོན་སྐྱོད་ལེན་ཕུའུ་ལུའུ་གྲོང་ཚོ་ནས་ཐོན་ཏེ་ལམ་བར་ས་བབ་མཐོ་ཚད་སྨི་5000ཡན་གྱི་ས་གནས་བརྒྱུད་དཔུང་འཇུག་བྱས་པ་དང་ལྷག་པར་དུ་ཁུ་ནུ་རི་བོ་སྒྲོལ་སྐབས། ས་མཐོའི་ལ་དུག་ཚབས་ཆེན་ཁྱད་བསད་བྱ་ཆེད། འཐབ་འཛིང་པ་ཚོས་རྨ་རས་ཀྱིས་མགོ་བོ་དམ་པོར་བསྡམས་པ་དང་ལ་ལས་རྟའི་མཇུག་མ་འཇུས་ནས་བསྐྱོད་མཐར་སྒེར་རྩེ་རྫོང་གྲ་མ་མང་པོར་འབྱོར།

    རང་བྱུང་ཆ་རྐྱེན་ཞན་པ་ཕུད། ད་དུང་སྔོན་སྐྱོད་ལེན་ལ་རྒྱབ་ཕྱོགས་མཁོ་སྒྲུབ་གསབ་དཀའ་བའི་གནད་དོན་འཕྲད་ཡོད། མངའ་རིས་སུ་འབྱོར་བའི་དགུན་དང་པོར་སྔོན་སྐྱོད་ལེན་ལ་འབྲུ་རིགས་དང་སྨན་རྫས་ཆད་པའི་དཀའ་ངལ་འཕྲད་པ་དང་འཐབ་འཛིང་པ་ཚོས་རི་བོང་དང་ཨ་བྲ་བཟས་ནས་གྲོད་པ་རྒྱགས་ཐབས་བྱ་རྒྱུ་ལས་མ་འདས། འཚོ་བཅུད་མི་འདང་བའི་རྐྱེན་གྱིས་འཐབ་འཛིང་པ་མང་པོའི་ལུས་པོ་སྐྲངས་ནས་རྨ་བཟོས་པ་དང་ལེན་གྱི་འཐབ་འཛིང་པ་135ཡི་ནང་ནས་མི་63མངའ་རིས་སུ་སྐུ་གཤེགས་པ་རེད།

    འགྲེམས་ཁུལ་གཉིས་པར་སྐྱོད་སྐབས། ང་ཚོའི་མིག་མདུན་དུ་རང་འཐག་གཅིག་མངོན་ཞིང་། མངའ་རིས་ས་ཁུལ་གྱི་ས་བབ་མཐོ་བ་དང་འབྲོག་ལས་གཙོ་བོར་བྱེད་པས། སྐབས་དེ་དུས་ཡན་ལག་ལས་དོན་ཨུ་ལྷན་གྱི་ལས་བཟོའི་འབྲས་དང་གྲོ་ཞིབ་ཤིན་ཅང་ནས་དབོར་དགོས་ཀྱི་ཡོད། ལོ་ལྟར་དགུན་དུས་སུ་སྒར་རྫོང་གི་ལམ་ཚང་མ་གངས་ཀྱིས་འགག་པས་འབྲུ་རིགས་མངའ་རིས་སུ་དབོར་དཀའ་བས། མངའ་རིས་ཡན་ལག་ལས་དོན་ཨུ་ལྷན་གྱི་ལས་བྱེད་པ་དང་ལས་བཟོ་རྟག་ཏུ་འཁྱག་ལྟོགས་ཀྱིས་མནར་གྱི་ཡོད།

    དེ་ལྟར་ཡིན་ཡང་ཁོང་ཚོས་རང་སྟོབས་རང་སྤེལ་གྱིས་ཟས་གོས་གཉིས་འཛོམས་ཡོང་བར་བྱས། རང་བྱུང་གི་ཆ་རྐྱེན་ཞན་པར་མི་བལྟོས་པར་ས་སྦོལ་བྱས་ཏེ་སྲན་མ་དང་སྲན་ནག་སོགས་ཚོད་འདེབས་བྱས། སྐབས་དེ་དུས་ཧ་ལས་དགོས་པའི་བྱ་བ་ཞིག་རེད། ལྷག་པར་དུ་ང་ཚོའི་མིག་མདུན་དུ་མངོན་པའི་རང་འཐག་དེ་ནི་འབྲུ་སྣ་འཐག་བྱེད་ཡིན་ཞིང་དེས་བཏགས་པའི་ཕྱེ་ཙམ་བྲོ་བ་ཧ་ཅང་ཞིམ་པོ་ཡོད།

    འགྲེམས་ཁུལ་གསུམ་པར་སྐྱོད་སྐབས། དུས་རབས་གོང་མའི་ལོ་རབས་དྲུག་ཅུའི་དུས་སུ་མངའ་རིས་ས་ཨུད་དབུ་བརྙེས་པ་དང་མངའ་རིས་ས་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་ཐོན་སྐྱེད་འཕེལ་རྒྱས་ཤུགས་ཆེན་བཏང་བའི་སྐོར་རེད་འདུག་ལ། མངའ་རིས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། འགྲིམ་འགྲུལ། འཕྲིན་གཏོང་། སྨན་བཅོས། སློབ་གསོ་སོགས་ཁྱབ་ཁོངས་ཁག་ལ་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད།

    འགྲེམས་ཁུལ་བཞི་པར་འགྲེམས་སྟོན་བྱས་པའི་དེང་རབས་ཅན་གྱི་འཛུགས་སྐྲུན་སྐོར་འཁོད་པའི་པར་དེ་དག་ནང་ནས། ཁག་གཅིག་ནི་ཧྲའན་ཤིས་ཞིང་ཆེན་དང་ཧོ་པེ་ཞིང་ཆེན་གྱིས་རོགས་སྐྲུན་བྱས་པ་རེད་འདུག “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ཧྲའན་ཤིས་ཞིང་ཆེན་གྱིས་མངའ་རིས་ས་ཁུལ་གྱི་120མྱུར་སྐྱོབ་ལྟེ་གནས་བསྐྲུན་ཡོད། རྣམ་གྲངས་དེར་དངུལ་སྒོར་ཁྲི་2225.4བཏང་བ་དང་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་3704ཟིན་ཞིང་། ཁང་མིག་40ལྷག་ཙམ་དང་ཉལ་ཁྲི་80ལྷག་ཙམ་ཡོད། རྣམ་གྲངས་དེ་བསྐྲུན་ནས་སྤྱོད་འགོ་ཚུགས་པ་བརྒྱུད་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གི་སྨན་བཅོས་སྒྲིག་ཆས་ཀྱི་ཆུ་ཚད་དང་སྐྱོབ་བཅོས་ནུས་པ་ལེགས་སུ་ཕྱིན་ཡོད།

    2015ལོའི་ཟླ་10ཚེས་15ཉིན་ཧྲའན་ཤིས་འཛུགས་སྐྲུན་ཚོགས་པ་ལྔ་པས་བསྐྲུན་པའི་མངའ་རིས་ཧྲའན་ཤིས་ཚོད་ལྟའི་སློབ་གྲྭའི་སློབ་ཁང་སྟར་པ་བརྒྱད་བདེ་བླག་ངང་ཐོག་བཀབ་པ་དང་སྟར་པ་10ཡི་རྒྱ་ཁྱོན་སྨི་ངོས་གྲུ་39495.1ཟིན་པ་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་2.6བཏང་ཡོད། དངུལ་ཚང་མ་ཧྲའན་ཤིས་ཀྱི་བོད་སྐྱོར་མ་དངུལ་ནས་བཏང་ཞིང་། དེ་ནི་མངའ་རིས་ས་ཁུལ་གྱི་དེང་རབས་ཅན་དང་ཚད་ལྡན་ཅན་གྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་དང་པོ་དེ་རེད།

    2014ལོའི་ཟླ་བདུན་པར། དྭངས་གཙང་གི་སེང་གེ་ཁ་འབབ་ཐོག་ཧོ་པེ་ཞིང་ཆེན་གྱིས་བསྐྲུན་པའི་གླང་ཆེན་ཁ་འབབ་ཀྱི་མི་སྐྱོད་སྤྲིན་ཟམ་དངོས་སུ་ལས་འཇུག་འགྲིལ་བ་རེད། རྣམ་གྲངས་དེར་སྒོར་ཁྲི་1086.64བཏང་བ་དང་སེང་གེ་ཁ་འབབ་ནས་ལྷོ་བྱང་དུ་སྐྱོད་མཁན་མང་ཚོགས་ལ་སྟབས་བདེ་བྱུང་བ་དང་ཆབས་ཅིག་གྲོང་ཁྱེར་གྱི་བཀྲག་མདངས་འཚེར་སར་གྱུར་ཡོད།

    ལོ་ངོ་20ཡི་རིང་ཧོ་པེ་དང་ཧྲའན་ཤིས་ཞིང་ཆེན་གཉིས་ཀྱི་ཁ་གཏད་རོགས་སྐྲུན་བརྒྱུད། གླང་ཆེན་ཁ་འབབ་ལམ་གྱི་མི་སྐྱོད་སྤྲིན་ཟམ་དང་། མངའ་རིས་ས་ཁུལ་གྱི་གློག་བརྙན་ཁང་། མངའ་རིས་ས་ཁུལ་གྱི་ལུས་རྩལ་ཐང་། སྒར་རྫོང་གི་ཡུལ་སྐོར་ཞབས་ཞུ་ལྟེ་གནས་སོགས་ཀྱིས་མཚོན་པའི་འཛུགས་སྐྲུན་དག་ཆར་རྗེས་ཀྱི་མྱུ་གུ་བཞིན་ཐོན་ཡོད།

    མངའ་རིས་ཡན་ལག་ལས་དོན་ཨུ་ལྷན་གྱི་དྲན་གསོ་ཁང་ནས། ང་ཚོར་མཐའ་མཚམས་སུ་གཞི་ཚུགས་པ་དང་། དཀའ་སྤྱད་འབད་འཐབ། གསར་འབྱེད་གསར་གཏོད། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་བཅས་ཀྱི་སྙིང་སྟོབས་ཟབ་མོ་ཚོར་བྱུང་ལ། གནས་རྙིང་ཉམས་བཟོ་བྱས་པའི་དམིགས་ཡུལ་ནི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་དེ་བས་མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་མུ་མཐུད་འབད་འཐབ་བྱ་ཆེད་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།