དབུ་ཤོག>ཆེད་སྒྲིག
  • གཟི་བརྗིད་ལྡན་པའི་སྲོལ་རྒྱུན་རྒྱུན་འཛིན་གྱིས་དུས་རབས་ཀྱི་ལེའུ་གསར་པ་ཞིག་བརྩམས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-03-25

    ཀྲུང་དབྱང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་གཏན་འབེབས་བྱས་པ་ནས་བཟུང་། རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ཏང་ཡོན་ལས་བྱེད་པའི་ཁྲོད་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཏན་ཏིག་ངང་སྤེལ་དགོས་པའི་སྐུལ་སློང་འཕྲལ་མར་བྱས་ཤིང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་ནས་འགོ་བརྩམས་ཏེ། ཏང་ཡོན་ལས་བྱེད་པ་ཞུགས་པའི་སྤྲོ་སྣང་འཕེལ་རྒྱུ་སྐོང་འཐེན་བྱ་རྒྱུར་མཐོང་ཆེན་བྱས་ཁར། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྤུས་ཚད་གཙོ་གནད་ཐོག་མཐོ་རུ་བཏང་བ་དང་། མང་ཚོགས་ལ་བྱ་བ་དངོས་བསྒྲུབས་ནས་དཀའ་ངལ་སེལ་བའི་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་འཕྲལ་མར་སྤེལ་བ་དང་། ཁྱོན་ཡོངས་ལ་ཁྱབ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་རྒྱུར་སྐུལ་ལྕག་བྱས་ཡོད།

    ཚུགས་གནས་མཐོ་རུ་བཏང་བ།

     ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པ།

    ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན། རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། 《ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བརྡ་ཐོ》 དེ་བཞིན་རང་སྐྱོང་ལྗོངས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་གྱི་བླང་བྱ་བཅས་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་།  གོ་བ་གཏིང་ཟབ་ལོན་པ། ཕྱོགས་ཡོངས་ནས་ལག་བསྟར་བཅས་བྱས་ནས་བསམ་བློའི་ངོས་འཛིན་དང་དེ་བཞིན་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཏན་ཏིག་ངང་སྤེལ་ཡོད།

    ལྷོ་ཁ་གྲོང་ཁྱེར་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དེ“ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དེ་བས་དམ་པ”བཅས་ཀྱི་ཆེད་དོན་སློབ་གསོ་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་དང་དོན་དངོས་དང་ཟུང་འབྲེལ་བྱས་སྟབས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་གནད་དོན་ཐག་གཅོད་ཀྱི་ཡང་དག་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་དང་། མི་རིགས་ཁག་གི་མཐུན་སྒྲིལ་ཆེན་པོ་སྲུང་སྐྱོང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་འཛུགས་པ་སོགས་ཀྱི་གནད་དོན་གལ་ཆེན་ཐད་བསམ་བློའི་ངོས་འཛིན་དང་ལས་དོན་གྱི་ཆུ་ཚད་ཟམ་མི་ཆད་པར་ཆེ་རུ་འགྲོ་རྒྱུར་སློབ་གསོ་ཁྲིད་སྟོན་ཐུབ་ཡོད།

    མངའ་རིས་ས་ཁུལ་གྱིས་འཕྲལ་མར་ས་ཨུད་ཀྱི་ཚོགས་འདུ་འཚོགས་ནས་མངའ་རིས་ས་ཨུད་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་ས་གནས་ཀྱི་དོན་དངོས་ལ་གཞིགས་ནས《མངའ་རིས་ས་ཁུལ་གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་གྱི་ལག་བསྟར་ཇུས་གཞི》བཟོས་ཤིང་། དེའི་ནང་མཛུབ་ཁྲིད་བསམ་བློ་དང་། དམིགས་ཚད་བླང་བྱ། སློབ་སྦྱོང་གི་ནང་དོན། ལས་དོན་བཀོད་སྒྲིག ལས་ཀའི་བླང་བྱ་སོགས་ཀྱི་ནང་དོན་ཁ་གསལ་འཁོད་ཡོད། ད་དུང《མངའ་རིས་ས་ཁུལ་གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྒྲོག་འགྲེལ་ལས་དོན་ཇུས་གཞི》བཟོས་ནས་རིམ་པ་ཁག་དང་སྡེ་ཚན་ཁག་གི་སྒྲོག་འགྲེལ་དང་དེ་བཞིན་ས་ཁུལ་གྱི་གཅིག་སྡུད་སྒྲོག་འགྲེལ་ལས་དོན་ཐད་བཀོད་སྒྲིག་ཞིབ་ཚགས་བྱས་པ་དང་འབྲེལ་མངའ་རིས་ས་ཁུལ་གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་དཔྱད་གཞི་ཕྱོགས་བསྒྲིགས་བྱས་ནས་རྒྱ་ཆེའི་ཏང་ཡོན་འགོ་ཁྲིད་དང་ལས་བྱེད་པས་སྔར་བས་སློབ་སྦྱོང་ཡག་པོ་ཐུབ་པ་བྱས་ཡོད།

    ལོ་རྒྱུས་སྦྱངས་ནས་གདེང་ཚོད་འཕེལ་བར་བྱས་པ། 

    སློབ་སྦྱོང་བྱེད་སྟངས་གསར་གཏོད་བྱས་ཏེ་དད་སེམས་བརྟན་དུ་བཏང་བ་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ།

    ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཕན་ནུས་ཆེ་རུ་གཏོང་ཆེད། རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་སློབ་སྦྱོང་བྱེད་སྟངས་གསར་གཏོད་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་ཚ་རླབས་ཤིག་འཕྱུར་ཞིང་། ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོར་བརྟེན་ནས་དད་སེམས་བརྟན་དུ་བཏང་བ་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་དད་སེམས་དང་ཡིད་ཆེས་ཀྱི་འོད་སྣང་གིས་འབད་འཐབ་ཀྱི་ལམ་བུ་གསལ་བར་བྱས་ཡོད།

    བོད་ལྗོངས་མཐའ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱི་རེས་མོས་སྦྱོང་བརྡར་རུ་ཆེན་གྱིས་ཆེད་དོན་སྦྱོང་བརྡར་སྒྲིག་གཞིའི་འགན་ནུས་ཀྱི་ཁྱད་ཆོས་ལ་དམིགས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དེ་ལྟེ་བའི་ལས་སྒོ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ཆབ་སྲིད་རིགས་པའི་གཞུང་ལུགས་ཀྱི་དགེ་རྒན་བཀོད་སྒྲིག་གིས་ཏང་གི་ལོ་རྒྱུས་སློབ་ཁྲིད་ལ་དམིགས་པའི་ཆེད་དོན་སློབ་ཁྲིད་གྲ་སྒྲིག་བྱས་ཤིང་། དཔེ་སྟོན་སློབ་ཁྲིད་ཚོད་ལྟའི་ངང་གཉེར་བ་དང་། གཅིག་སྡུད་ཐོག་སློབ་ཚན་གྲ་སྒྲིག་བྱེད་པ། དགེ་རྒན་གྱིས་སློབ་ཁྲིད་བྱེད་པ་སོགས་ཀྱི་བྱེད་སྒོ་བརྒྱུད་སློབ་ཁྲིད་ཀྱི་ནང་དོན་ལ་དཔྱད་ཞིབ་ནན་པོ་དང་ཆེད་དོན་ཏང་གི་སློབ་ཚན་ཁྲིད་པའི་བྱེད་སྒོ་རབ་དང་རིམ་པ་འོས་སྦྱོར་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་བརྒྱུད་རིམ་ཁྲོད་སློབ་ཁྲིད་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ཡོད།

    ལྷོ་ཁ་གྲོང་ཨུད་གཞུང་དོན་ཁང་གིས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་མཉམ་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱས་ཏེ། 《གསར་བརྗེའི་ཕུགས་བསམ་གནམ་ལས་མཐོ》དང་། 《ཀན་ཙུའུ་ཁྲང་དང་ཀུང་ཆོན་ཀྲེན་བཟའ་ཚོ》《མའོ་ཕིང་གིས་དཔྱིད་གསར་དུས་ཆེན་གྱི་ཆ་ཡིག་འབྲི་བ》《ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་སྐྱོང་བ》སོགས་ཏང་གི་ལོ་རྒྱུས་ཀྱི་གཏམ་རྒྱུད་ལེགས་སྒྲིག་བྱས་ནས་པར་སྒྲིག་བྱས་ཏེ་ཏང་ཡོན་ལས་བྱེད་པར་སློབ་སྦྱོང་བྱ་རྒྱུར་སྤྲད་པ་རེད། ལྷོ་ཁ་གྲོང་ཨུད་དྲིལ་བསྒྲགས་པུའི་ཏང་སྤྱི་ཁྱབ་ཀྲི་པུས“ཏང་གི་ལོ་རྒྱུས་ཀྱི་གཏམ་རྒྱུད་གཟའ་འཁོར”གྱི་བྱེད་སྒོ་སྤེལ་ནས་ཏང་ཡོན་ལས་བྱེད་པར་ཚད་ལོན་པའི་ཏང་ཡོན་ཞིག་བྱས་ནས་དུས་རབས་གསར་པར་བྱས་རྗེས་འཇོག་དགོས་པའི་ལྕག་སྐུལ་བཏང་ཡོད།

    ལོ་རྒྱུས་སྦྱངས་ནས་ལག་ལེན་ཧུར་ཐག་བསྟར་བ།

     མང་ཚོགས་ལ་བྱ་བ་དངོས་དང་བྱ་བཟང་བསྒྲུབས་ནས་དཀའ་ངལ་བསལ་བ།

    ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཚུན། རང་ལྗོངས་ཀྱི་རིམ་ཁག་ཏང་ཡོན་ལས་བྱེད་པས་སྦྱངས་ནས་བསམ་བློ་རྙེད་པ་དང་། སྦྱངས་ནས་གོ་རྟོགས་སད་པ། སྦྱངས་ནས་འབྲས་བུ་ཐོབ་པ་བཅས་བྱ་རྒྱུ་མཐའ་འཁྱོངས་དང་ནང་སེམས་སུ་འཇགས་པ་དང་ཕྱིར་བྱ་སྤྱོད་དུ་འཁྱོལ་བར་བྱས་ཏེ་བསམ་བློའི་ངོས་འཛིན་ཆེ་རུ་དང་ལས་ཀའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་གྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་བཏང་ཡོད།

    ལྷོ་ཁ་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཁྲིད་སྟོན་དུ་བྱས་ཏེ། “དྲ་སྦྲེལ་དང་འདུམ་འགྲིག་འདུམ་གཅོད་ཟུང་དུ་འབྲེལ་བའི”ལས་དོན་ཤུགས་ཆེན་སྤེལ་ནས་ངལ་རྩོལ་མི་དོན་གྱི་རྩོད་གཞི་འདུམ་འགྲིག་ཐད“འཕྲལ་མར་སྒྲུབ་པ་དང་། དྲ་ཐོག་ཏུ་སྒྲུབ་པ། ཉེ་སར་སྒྲུབ་པ”བཅས་ཡོང་བ་བྱས་ཤིང་། མིག་སྔར་ཅུས་དེས་ངལ་རྩོལ་རྩོད་གཞིའི་གྱོད་གཞི་31བདག་སྤྲོད་བྱས་ནས་ཞིང་པ་ལས་མིར་ངལ་རྩོལ་ཐོབ་ཆ་སྒོར་ཁྲི་57.34ལེན་རོགས་བྱས་ཏེ་དུས་བཀག་ནང་གྱོད་གཞི་ཐག་གཅོད་བྱེད་ཚད་100%ཟིན་ཡོད།

    མངའ་རིས་ས་ཁུལ་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་དེ་བཞིན་གཙོ་གནད་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་སློབ་སྦྱོང་སློབ་གསོའི་ཕན་འབྲས་དེ“དོན་ཆེན་བཞིར”དམ་འཛིན་ཡག་པོ་དང“འགན་ལེན་བཞི”ཐུབ་པའི་བྱ་སྤྱོད་ངོ་མར་བསྒྱུར་ཏེ། མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་། བྱ་བཟང་སྒྲུབ་པ། ཉེ་འགྲམ་གྱི་བྱ་བ་སྒྲུབ་པ་བཅས་ཏན་ཏིག་ཡོང་བ་བྱས་ཤིང་། མངའ་རིས་ས་ཁུལ་གྱིས་ཆ་འཕྲིན་གྱི་བྱ་ཐབས་གང་ལེགས་སྤྱད་དེ་སྤྱི་ཚོགས་འགན་བཅོལ་ཞབས་ཞུའི་སྡེ་ཚན་གྱིས་ས་ཁུལ་གྱི་སྲིད་དོན་ཞབས་ཞུའི་ལྟེ་གནས་སུ་བཅའ་སྡོད་བྱས་ཏེ“སྐར་ཁུང་རྣམ་པའི་སྒྲུབ་གཉེར་དང་། གཅིག་འཐུས་རྣམ་པའི་ཞབས་ཞུའི”ལས་གཉེར་བྱེད་སྟངས་ཁྱབ་གདལ་བཏང་ནས། མི་དམངས་མང་ཚོགས་ལ་བྱ་བ་སྒྲུབ་པའི་མ་གནས་དམའ་རུ་བཏང་སྟེ་དམངས་ལ་སྟབས་བདེ་སྐྲུན་པའི“མཐའ་མའི་འགག་གནད”བསལ་བས། ཐག་ཉེ་ས་དང་སྟབས་བདེ་སར་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི“དཀའ་གནད”བསལ་ནས་ཞབས་ཞུའི་ཁྱོན་ཡོངས་ཀྱི་སྤུས་ཚད་དང་ཆུ་ཚད་སྔར་བས་མཐོ་རུ་འགྲོ་རྒྱུར་སྐུལ་མ་ཐེབས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།