
ཀྲུང་གོའི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་པར་རིས་འགྲེམས་སྟོན་གྱི་མཛད་སྒོ་དེ་ཉིན་ཤས་གོང་བྷེ་ཨུ་རུ་སུའི་རྒྱལ་ས་མེན་སི་ཁེའི་ཀྲུང་གོའི་རིག་གནས་ལྟེ་གནས་སུ་འཚོགས་པ་དང་། བྷེ་ཨུ་རུ་སུའི་སྲིད་གཞུང་དང་། ཁེ་ལས། སློབ་གསོ་ཚན་རིག་རིག་གནས། དེ་བཞིན་ཇུས་དོན་ཚོགས་པ་སོགས་ལས་རིགས་ཀྱི་མི་སྣ་དང་བྷེ་ཨུ་རུ་སུར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་ཚོགས་པའི་འཐུས་མི་སོགས་མི་200ལྷག་ཙམ་བྱེད་སྒོར་ཞུགས་ཡོད། འདི་ནི་མི་རྣམས་ཀྱིས་བྷེ་ཨུ་རུ་སུའི་རྒྱལ་ས་མེན་སི་ཁེར་གཉེར་བའི་ཀྲུང་གོའི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་པར་རིས་འགྲེམས་སྟོན་ལ་ལྟ་བཞིན་པ།