དབུ་ཤོག>ཆེད་སྒྲིག
  • བོད་ཀྱིས་དབུལ་སྐྱོར་ཐོན་ལས་རྣམ་གྲངས་ཀྱི་རྒྱུ་ནོར་གཙང་བཤེར་དང་མ་རྩར་ཞིབ་རྩིས་ཀྱི་ཚོད་ལྟའི་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-03-22

    ཉེ་ཆར། བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་འཚོགས་ནས། དབུལ་སྐྱོར་ཐོན་ལས་རྣམ་གྲངས་ཀྱི་རྒྱུ་ནོར་གཙང་བཤེར་དང་མ་རྩར་ཞིབ་རྩིས་ཀྱི་ཚོད་ལྟའི་ལས་དོན་སྐོར་གྱི་འབྲེལ་ཡོད་དོན་གནད་ལ་ཞིབ་འཇུག་བྱས་པ་དང་། ཚོད་ལྟའི་ལས་ཀའི་འཕེལ་རིམ་གྱི་གནས་ཚུལ་སྙན་སེང་དང་འབྲེལ་ཡོད་སྡེ་ཚན་གྱི་བསམ་འཆར་དང་གྲོས་འགོ་ཉན་པ། རྒྱུ་ནོར་གཙང་བཤེར་དང་མ་རྩར་ཞིབ་རྩིས་ཐད་ཞིབ་ཕྲའི་བཀོད་སྒྲིག་བྱས་པ་རེད།

    ཚོགས་འདུའི་ཐོག་བསྟན་དོན། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག འབྲེལ་ཡོད་སྡེ་ཚན་གྱིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ། ཚོད་ལྟའི་རྣམ་གྲངས་གཏན་འཁེལ། ཚོད་ལྟའི་ལས་དོན་སྤེལ་བ་བཅས་བྱས་ནས། རྒྱུ་ནོར་གཙང་བཤེར་དང་མ་རྩར་ཞིབ་རྩིས་ཀྱི་ཚོད་ལྟའི་ལས་དོན་སྤྱིར་ན་མཇུག་འགྲིལ་བར་ཕན་འབྲས་བཟང་པོ་ཐོན་ཡོད།

    ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2020ལོའི་ཟླ་12ཚེས་3ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་དབུལ་སྒྲོལ་འགག་སྒྲོལ་གྱི་ཕྱོགས་སྡོམ་དཔྱད་དཔོག་སྙན་སེང་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བཀོད་སྒྲིག་གཞིར་བཟུང་། རྩ་འཛུགས་ཀྱི་འགོ་ཁྲིད་རྨང་གཞི་བརྟན་དུ་གཏོང་བ་དང་། རྨང་གཞིའི་ལས་དོན་ལ་ཤུགས་སྣོན་རྒྱག་པ། སྲིད་ཇུས་དང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། རྣམ་གྲངས་ཀྱི་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་པ། རྒྱུ་ནོར་གཙང་བཤེར་དང་མ་རྩར་ཞིབ་རྩིས་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་འཛུགས་པ། ཐོན་ལས་དབུལ་སྐྱོར་གྱི་མ་དངུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཐོན་ལས་དངུལ་སྐྱོར་རྣམ་གྲངས་ཀྱི་གཞི་གྲངས་མཐིལ་རྟོགས། དབུལ་སྐྱོར་ཐོན་ལས་རྣམ་གྲངས་ཀྱི་བདག་དབང་འབྲེལ་བ་གསེད་བཀྲོལ། དབུལ་སྐྱོར་ཐོན་ལས་ཀྱི་མ་འཇོག་ཉེན་ཁར་དོགས་ཟོན་དང་སེལ་བ། ཐོན་ལས་དབུལ་སྐྱོར་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་ཆེར་གཏོང་བ་བཅས་བྱས་ནས། གྲོང་གསེབ་དར་རྒྱས་ཆེད་སྲ་ཞིང་བརྟན་པའི་རྨང་གཞི་འདིང་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།