
འདི་ནི་སྔོན་ཆད་ཞིང་བྲན་ཡིན་པའི་ལོ་79ལ་སླེབས་པའི་བསྟན་འཛིན་མཚོ་མོ་ཡིན་པ།

འདི་ནི་བསྟན་འཛིན་མཚོ་མོ་དང་ནང་མི་ཚོ་ཁང་པ་གསར་པའི་སྒོ་འགྲམ་དུ་ཡོད་པ།
བསྟན་འཛིན་མཚོ་མོ་ནི་1942ལོར་སྐྱེས་པ་དང་། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ས་དགའ་རྫོང་གཞུང་རུ་ཤང་གྲོད་པ་སྦུག་གྲོང་ཚོའི་གྲོང་མི་ཡིན་ཞིང་། ཆུང་བྱིས་པའི་དུས་ཁོང་གི་ནང་མི་ཚོས་ཞིང་བྲན་བདག་པོའི་ལུག་འཚོ་ཞོར་དུ་སློང་མོ་བྱས་ནས་འཚོ་བ་འཁྱོལ་ཐབས་བྱས་ཡོད། འཚོ་བ་འཕྱིད་ཐབས་བྲལ་བའི་བསྟན་འཛིན་མཚོ་མོའི་ནང་མི་ཚོས་ཞིང་བྲན་བདག་པོའི་ལུག་བརྐུས་ནས་ལ་ཀླུང་བརྒལ་ཏེ་བྲོས་བྱོལ་དུ་སོང་རུང་ཡུན་རིང་མི་འགོར་བར་ཞིང་བྲན་བདག་པོས་ཁོང་ཚོ་བཟུང་བ་དང་བསྟན་འཛིན་མཚོ་མོའི་པ་ཕར་ཉེས་རྡུང་བཏང་ནས་དབང་པོ་སྐྱོན་ཅན་བཟོས་པ་མ་ཟད་ཆར་གཡོལ་རླུང་གཡོལ་བྱེད་སའི་གུར་ཡང་འཕྲོག་པས་ནང་མི་ཚོ་རི་ཁུག་ཅིག་ཏུ་མི་སྡོད་ཀ་མེད་དུ་གྱུར།
1959ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་གཏོང་འགོ་ཚུགས་པས་བསྟན་འཛིན་མཚོ་མོའི་དཀའ་ཚེགས་ཆེ་བའི་འཚོ་བའང་སྐྱེལ་མཇུག་འགྲིལ་བ་དང་། ས་གནས་དེར་དམངས་གཙོའི་བཅོས་སྒྱུར་གྱི་སྲིད་ཇུས་དྲིལ་བསྒྲགས་ལ་མངགས་པའི་བོད་རིགས་ལས་བྱེད་པ་ཞིག་ཁོང་གི་བཟའ་ཟླར་གྱུར། བཟའ་ཟླའི་ཤུགས་རྐྱེན་འོག་བསྟན་འཛིན་མཚོ་མོས་དང་བླངས་པར་ཞུགས་རྒྱུའི་རེ་ཞུ་ཕུལ་ནས་དམངས་གཙོའི་བཅོས་སྒྱུར་གྱི་འབྲེལ་ཡོད་སྲིད་ཇུས་དྲིལ་བསྒྲགས་བྱེད་པའི་ལས་དོན་ནང་ཞུགས་པ་དང་1962ལོར་ཁོང་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས།
ད་ཆ་བསྟན་འཛིན་མཚོ་མོའི་ཁྱིམ་དུ་ཕྱུགས་རིགས་བརྒྱ་ལྷག་ཙམ་ཡོད་པ་དང་2020ལོར་ནང་མི་ཚོ་སྲིད་གཞུང་གིས་མ་དངུལ་བཏོན་ནས་བསྐྲུན་པའི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་ཁང་པ་གསར་པའི་ནང་སྤོས་ཡོད།