དབུ་ཤོག>ཆེད་སྒྲིག
  • བོད་ཀྱི་ཡར་ལངས་ཞིང་བྲན་གྱི་བརྙན་པར་ཡིག་ཚགས།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-03-21

    288150_yis_1616256000000_s.jpg

    འདི་ནི“འཇུ་བྲོའི”རྒྱུན་འཛིན་པ་བགྲེས་སོང་ཉི་མས(དཀྱིལ)འཕྱོངས་རྒྱས་རྫོང་ཤ་གསོས་ཤང་སློབ་ཆུང་དུ་འཁྲབ་སྟོན་མ་བྱས་གོང་གི་གྲ་སྒྲིག་བྱེད་བཞིན་པ།

    འདི་ལོ་ལོ་76ལ་སླེབས་པའི་ཉི་མ་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཤ་གསོས་ཤང་འཇུ་གྲོང་ཚོའི་གྲོང་མི་ཡིན་ལ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི“འཇུ་བྲོའི”རྒྱུན་འཛིན་པ་ཞིག་ཀྱང་ཡིན།

    “འཇུ་བྲོ”ནི་བོད་རིགས་ཀྱི་སྲོལ་རྒྱུན་ཞབས་བྲོའི་རིག་གནས་ཁྲོད་དམིགས་བསལ་ཆེ་བའི་སྒྱུ་རྩལ་ཞིག་ཡིན་པས་ད་བར་ལོ་ངོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། 1959ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་ཉི་མའི་ནང་མི་ཚང་མ་གཟི་འོག་ཁྱིམ་རྒྱུད་ཀྱི་ཞིང་བྲན་ཡིན་པས་བགྲེས་སོང་ཉི་མས་ཧ་གཉིད་གོ་བ་ནས་བཟུང་གཟི་འོག་ཁྱིམ་རྒྱུད་ལ་ནོར་ལུག་འཚོ་རོགས་དང་ས་ཞིང་འདེབས་དགོས་པ་མ་ཟད། ད་དུང་བྲོ་འཁྲབ་ནས་གཟི་འོག་ཁྱིམ་རྒྱུད་ཀྱི་ཚབ་ཏུ་རི་བོ་བདེ་ཆེན་དགོན་ལ་ཁྲལ་འུ་ལག་རྒྱུག་དགོས་ཀྱི་ཡོད།

    བོད་རྙིང་པར་བྲོ་ཡིས་བགྲེས་སོང་ལ་སྡུག་བསྔལ་ཚད་མེད་བཟོས་ཡོད། “སྐབས་དེ་དུས་བྲོ་སྦྱོང་བ་ནི་རི་བོ་བདེ་ཆེན་དགོན་ལ་ཁྲལ་འཇལ་ཆེད་ཡིན། འཁྲབ་སྟོན་གྱི་དགོས་མཁོའི་ཆེད་དུ་བྲོ་འཁྲབ་མཁན་ཚོ་སྐྲ་རིང་པོ་གསོག་དགོས། འོན་ཀྱང་གཞོན་ནུ་མང་པོ་ཞིག་སྡུག་པོ་དེ་འདྲ་མྱོང་མི་ཐུབ་པའི་རྐྱེན་གྱིས་རང་ཉིད་ཀྱི་སྐྲ་འབྲེག་གི་ཡོད། བྲོའི་དགེ་རྒན་གྱིས་དེ་མཐོང་སྐབས་ང་ཚོར་ཉེས་རྡུང་ཚད་མེད་གཏོང་གི་ཡོད”ཅེས་བགྲེས་སོང་ཉི་མས་དྲན་གསོ་བྱེད་བཞིན་དུ་བཤད།

    བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཡར་ལངས་བཅིངས་འགྲོལ་ཐོབ་པའི་ཉི་མས་བྲོ་རྒྱུན་འཛིན་དང་དར་སྤེལ་བཏང་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་འགོ་ཚུགས། ཁོང་གིས་བྲོ་དཔོན་བྱས་ནས་འཁྲབ་སྟོན་ཡོངས་ཀྱི་སྟངས་སྟབས་དང་འགྱུར་ཁུག་ལ་སྟངས་འཛིན་བྱེད་ཀྱི་ཡོད། ད་ཆའི་འཇུ་གྲོང་ཚོར་བགྲེས་སོང་ཉི་མས་སྔ་རྗེས་སུ་སློབ་མ་80ལྷག་ཙམ་གསོ་སྐྱོང་བྱས་པ་དང་འབྲེལ་བྲོའི་འཁྲབ་སྟོན་རུ་ཁག་ཅིག་བཙུགས་ནས“འཇུ་བྲོ”དེ་ཀྲུང་གོའི་དམངས་ཁྲོད་རིག་རྩལ་གྱི་བྱ་དགའ་མཐོ་ཤོས་ཏེ། ཧྲན་ཧྭ་བྱ་དགའི་གར་སྟེགས་ཐོག་སླེབས་པ་བྱས་ཡོད། རུ་ཁག་གི་ན་གཞོན་རུ་མི་ཚོ་རྟག་ཏུ་ཕྱིར་འཁྲབ་སྟོན་བྱེད་པར་འགྲོ་དགོས་པས་བྲོའི་འཁྲབ་སྟོན་དེ་ཡང་འཇུ་གྲོང་ཚོའི་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཐབས་ལམ་གལ་ཆེན་དུ་གྱུར་ཡོད།

    ད་ཆ་བགྲེས་སོང་ཉི་མ་དང་། བུ་མོ། མག་པ། ཚ་བོ་གཉིས་བཅས་རྒྱ་ཆེ་ལ་དཀར་ཆ་དོད་པའི་བོད་བཟོའི་ཐོག་སོ་ཉིས་ལྡན་གྱི་སྡོད་ཁང་ནང་སྡོད་པ་དང་། ཁོམ་པ་བྱུང་དུས་བགྲེས་སོང་གིས་ཚ་བོ་ཚེ་རིང་དོན་གྲུབ་ལ་བྲོ་འཁྲབ་སྟངས་བསླབས་ནས་ཚ་བོས་བྲོ་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།