ཟླ་3ཚེས་16ཉིན། བོད་ཀྱི་ས་ཆ་མང་པོ་ཞིག་ཏུ་རྨོན་གཉའ་གཅོག་པའི་མཛད་སྒོ་འཚོགས་ཤིང་། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་ཁེ་གསུམ་སྡེ་ཁུལ་གྱི་གྲོང་མིས་མཛེས་རྒྱན་སྤྲས་པའི་ཐོ་ཕྲུག་ཞིང་ནང་དུ་བཏང་བ་དང་མི་རྣམས་ཀྱིས་དུས་ཆེན་གྱི་གཟབ་མཆོར་སྤྲས་ཏེ་ཞིང་ནང་དུ་འཛོམས་ནས་གནའ་བའི《དཔྱིད་རྨོད་གླུ་གཞས》ཀྱི་སྙན་འཇེབས་ལྡན་པའི་འགྱུར་ཁུག་ཁྲོད་རྨོན་གཉའ་གཅོག་པའི་མཛད་སྒོ་འཚོགས་པ་རེད།
1959ལོར་ཁེ་གསུམ་གྲོང་ཚོར་སྔོན་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་བོད་ཀྱི་གྲོང་གསེབ་ཀྱི་ཏང་ཀྲི་པུའུ་དང་པོ་དེ་བཙུགས་ཏེ་བོད་ཀྱི་ཞིང་པའི་མཐུན་ཚོགས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་དང་པོ་དེ་བདམས་པ་རེད།
2017ལོར་ཁེ་གསུམ་སྡེ་ཁུལ་གྱི་མང་ཚོགས་དབུལ་པོ་ཚང་མ་དབུལ་ཞྭ་ཕུད་ཐུབ་ནས་གྲོང་མིའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་མངོན་གསལ་དོད་པོ་ཕྱིན་ཡོད། མིག་སྔར་སྡེ་ཁུལ་དུ་ཞིང་ལས་འཕྲུལ་ཆས་23དང་། ཞིང་ལས་ཅན་གྱི་ལས་ཀ་བསྒྲུབས་ཚད་98%ཟིན་གྱི་ཡོད། 2020ལོར་ཁེ་གསུམ་སྡེ་ཁུལ་གྱི་ལོའི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་25000ལྷག་ཙམ་ཟིན་ཡོད་པ་རེད།
འདི་ནི་དེ་ཉིན་བུ་བཅོལ་ཁང་གི་གྲོགས་པོ་ཆུང་ཆུང་གིས་ཁེ་གསུམ་སྡེ་ཁུལ་དུ་རྨོན་གཉའ་གཅོག་པའི་མཛད་སྒོར་ཞུགས་པ།