དབུ་ཤོག>ཆེད་སྒྲིག
  • ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས“ཏང་ནང་གི་གཟི་བརྗིད་ལྡན་པའི་ལོ་ངོ་50”ཞེས་པའི་དྲན་རྟེན་རྟགས་མ་སྤྲོད་རྒྱུའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ་བཀྲམ་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-03-18

    ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《“ཏང་ནང་གི་གཟི་བརྗིད་ལྡན་པའི་ལོ་ངོ་50”ཞེས་པའི་དྲན་རྟེན་རྟགས་མ་སྤྲོད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)བཀྲམ་པ་རེད། 《བརྡ་ཐོའི》ནང་ཏང་ཀྲུང་དབྱང་གིས་2021ལོར“ཏང་ནང་གི་གཟི་བརྗིད་ལྡན་པའི་ལོ་ངོ་50”ཞེས་པའི་དྲན་རྟེན་རྟགས་མ་ཐེངས་དང་པོ་སྤྲོད་རྒྱུའི་གཏན་འཁེལ་གནང་ཡོད། ལས་དོན་འདི་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་གྲུབ་ཆ་གལ་ཆེན་གྱི་གྲས་ཤིག་ཡིན་པ་དང་། དེས་ཏང་ཡོན་ཚོའི་གཟི་བརྗིད་ཀྱི་བསམ་པ་དང་། གཏོགས་སེམས། འགན་འཁྲིའི་བསམ་པ་བཅས་ཤུགས་ཆེ་རུ་འགྲོ་བ་དང་། ཏང་ཡོངས་ཀྱིས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང་2035ལོའི་རྒྱང་རིང་གི་དམིགས་ཚད་མངོན་འགྱུར་བྱེད་པར་རྒྱུན་མཐུད་འབད་འཐབ་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱ་རྒྱུར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པ་ཞིག་ཡིན་ཞེས་བསྟན་ཡོད།

    《བརྡ་ཐོའི》ནང“ཏང་ནང་གི་གཟི་བརྗིད་ལྡན་པའི་་ལོ་ངོ་50”ཞེས་པའི་དྲན་རྟེན་རྟགས་མ་ཐེངས་དང་པོ་སྤྲོད་ས་ནི་2021ལོའི་ཟླ་7ཚེས་1ཉིན་གོང་ལ་ཏང་ལོ་50འཁོར་བ་དང་སྔ་ཕྱི་བར་གསུམ་དུ་རྣམ་འགྱུར་ལེགས་པའི་སྐུ་འཚོ་བཞུགས་ཀྱི་ཏང་ཡོན་ཡིན་པ་རེད། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ནས་རང་ས་ཁུལ་དང་། རང་སྡེ་ཚན། རང་ཚན་པ་བཅས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བསྡོམས་རྩིས་དང་སྒྲིག་འཛུགས་བྱས་ནས་རྟགས་མ་སྤྲོད་པ་སོགས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་ཆ་རྐྱེན་དང་འཚམ་པའི་ཏང་ཡོན་མི་རེ་ངོ་རེ་ཚང་མར་ཟླ་7ཚེས་1ཉིན་གོང་དྲན་རྟེན་རྟགས་མ་ལག་འབྱོར་ཐུབ་པའི་འགན་ལེན་བྱས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་གཟིགས་སྐྱོང་དང་དྲོ་སྐྱིད་དངོས་འབྲེལ་ཚོར་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    “ཏང་ནང་གི་གཟི་བརྗིད་ལྡན་པའི་ལོ་ངོ་50”ཞེས་པའི་དྲན་རྟེན་རྟགས་མ་ཐེངས་དང་པོ་སྤྲད་རྗེས་དེ་ནི་རྒྱུན་གཏན་གྱི་ལས་དོན་ཞིག་ཏུ་བརྩིས་ནས་སྤྱིར་ལོ་ལྟར་གྱི“བདུན་པའི་ཚེས་གཅིག”ཉིན་གཅིག་སྡུད་ཐོག་ཐེངས་གཅིག་སྤྲོད་རྒྱུ་རེད། ཉིན་ཤས་གོང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད་ཀྲུང་དབྱང་རྩ་འཛུགས་པུས《“ཏང་ནང་གི་གཟི་བརྗིད་ལྡན་པའི་ལོ་ངོ་50”ཞེས་པའི་དྲན་རྟེན་རྟགས་མ་སྤྲོད་རྒྱུའི་སྐོར་གྱི་དོ་དམ་བྱ་ཐབས》བཀྲམ་ནས་དྲན་རྟེན་རྟགས་མ་སྤྲོད་པའི་བརྒྱུད་རིམ་དང་། སྤྲོད་སྟངས། བཟོ་སྟངས། དོ་དམ་སོགས་ཀྱི་ཐད་ལ་གཏན་འབེབས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།