དབུ་ཤོག>ཆེད་སྒྲིག
  • དམངས་ཀྱི་སྡོད་ཁང་དམངས་སྲོལ་མགྲོན་ཁང་དུ་བསྒྱུར་པས་རང་ཁྱིམ་དུ་བསྡད་ཀྱང་ཕྱུག་པོ་ཆགས་ཐུབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-03-12

    ཞིང་འབྲོག་པ་དཀྱུས་མ་ཚོ་དང་འདྲ་བར། པ་སངས་དགྲ་འདུལ་ཡང་དེ་སྔོན་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་ཤང་སྣ་མཁར་གྲོང་ཚོའི་ཡུལ་མི་ཞིག་རེད་ལ། 2015ལོའི་གོང་དུ། ཁོང་གི་ནང་མི་ཚང་མས་འབྲོག་ལས་ཁོ་ནར་བརྟེན་ནས་འཚོ་བ་སྐྱེལ་དགོས་ཀྱི་ཡོད་པས་ཡོང་འབབ་ཧ་ཅང་ཉུང་། དེར་བརྟེན་2015ལོར། པ་སངས་དགྲ་འདུལ་གྱི་ཁྱིམ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གྲས་སུ་བཅུག་པ་རེད།

    2016ལོར། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་སྲིད་ཇུས་བཟང་པོར་བརྟེན་ནས། པ་སངས་དགྲ་འདུལ་གྱི་ཁྱིམ་འབྲོག་མ་གྲོང་ཚོའི་ཚོགས་ཆུང་ལྔ་པའི་གནས་སྤོས་བྱ་ཡུལ་དུ་དངོས་སུ་སྤོས་པ་རེད། དེ་གར་རྒྱ་ཆེ་ཞིང་དཀར་ཆ་དོད་པོའི་སྡོད་ཁང་ཆེན་པོ་དང་། འབོལ་ཁྲི། བརྙན་འཕྲིན། འཁྱག་སྒམ་སོགས་ཁྱིམ་ཆས་དང་ཁྱིམ་གློག་གང་དགོས་དགོས་ཚང་མ་འཛོམས་ཡོད།

    པ་སངས་དགྲ་འདུལ་ནི་ལས་ལ་བརྩོན་པ་ཞིག་རེད། གནས་སྤོས་ནས་ཡུན་རིང་མ་འགོར་བར། པ་སངས་དགྲ་འདུལ་དང་མང་ཚོགས་དུད་ཚང་15ཡིས་མཉམ་དུ་སོ་སོའི་སྡོད་ཁང་བོད་བཟོའི་དམངས་སྲོལ་མགྲོན་ཁང་དུ་བཟོ་བཅོས་བརྒྱབ་ཅིང་། ཁང་པའི་ཕྱི་ནང་ཀུན་ཏུ་བོད་རིགས་ཀྱི་ཁྱད་ཆོས་ལྡན་པ་མ་ཟད། དེང་རབས་ཅན་གྱི་སྒྲིག་ཆས་མང་པོ་ཡང་བསྒྲིགས་ཡོད།

    པ་སངས་དགྲ་འདུལ་གྱི་ནང་མི་ཚང་མའི་འབད་འཐབ་ལ་བརྟེན་ནས། ཁོང་ཁྱིམ་གྱི་དམངས་སྲོལ་མགྲོན་ཁང་གླིང་ཁུལ་དེའི“དམངས་སྲོལ་གནས་ཚང་ཡག་ཤོས”ཀྱི་ཨང་དང་པོར་བདམས་པ་དང་། དེ་དང་ཆབས་ཅིག ལས་ཀ་ནན་ཏན་བྱེད་པའི་པ་སངས་དགྲ་འདུལ་ཡང་གནས་སྤོས་དུད་ཚང་གི་དུད་སྦྲེལ་སྤྱི་མིར་བདམས་ནས། གྲོང་མི་གཞན་དག་ཚོར་ཕྱུག་འགྱུར་སྐུལ་ཁྲིད་བྱེད་ཀྱི་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།