དབུ་ཤོག>ཆེད་སྒྲིག
  • གད་སྙིགས་རིགས་དབྱེ་དར་སྲོལ་གསར་པར་འགྱུར་བར་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-03-12

    མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་2021ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཐོག་“གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་རིགས་དབྱེའི་ཐག་གཅོད་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་རྒྱུའི”གྲོས་འགོ་བཏོན་ཅིང་། འཐུས་མི་དང་ཨུ་ཡོན་ཚོས་གད་སྙིགས་རིགས་དབྱེར་དམིགས་ཏེ་གྲོས་བསྡུར་འཁྲུག་པོ་གནང་བ་རེད།

    གཅིག་འཛུགས་སྡེ་ཁུལ་གྱི་གྲོང་མི་ཟླ་བས“སྡེ་ཁུལ་འདི་གད་སྙིགས་རིགས་དབྱེའི་ཚོད་ལྟའི་ཁུལ་ཆུང་དུ་གྱུར་རྗེས། གད་སྙིགས་རིགས་དབྱེའི་སྒམ་བཞི་དང་འཚོ་བའི་གད་སྙིགས‘རིགས་དབྱེའི་སྐར་གསོག་དངུལ་བརྗེས་སྒོ་རྩིས་ཚོང་ཁང’སོགས་སྒྲིག་ཆས་འཐུས་སྒོ་ཚང་དུ་བཏང་བས། གྲོང་མིའི་རྒྱུན་གཏན་གྱི་འཚོ་བའི་དགོས་མཁོ་སྐོང་ཐུབ་པ་མ་ཟད། ད་དུང་ཁོར་ཡུག་སྲུང་སྐྱོང་དང་གཙང་སྦྲ་འཕྲོད་བསྟེན་ལྡན་པར་གྱུར་ཡོད”ཅེས་བཤད།

    གོམ་སྟབས་རྗེས་མར། གཅིག་འཛུགས་སྡེ་ཁུལ་གྱིས་མུ་མཐུད་འབྲེལ་ཡོད་ཚན་པ་དང་མཉམ་དུ་གད་སྙིགས་རིགས་དབྱེ་དྲིལ་བསྒྲགས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་གད་པར་ཚོར་གསོ་སྦྱོང་བྱེད་པའི་ལས་དོན་ཡག་པོ་སྤེལ་བ་དང་སྦྲགས་གཞི་རིམ་ཏང་ཡོན་དང་དུད་སྦྲེལ་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་ཉེ་འགྲམ་གྱི་མི་གད་སྙིགས་རིགས་དབྱེའི་ཚ་རླབས་ཁྲོད་ཞུགས་རྒྱུར་སྐུལ་ཁྲིད་བྱ་རྒྱུ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།