དབུ་ཤོག>ཆེད་སྒྲིག
  • ཕ་ཤུལ་བུས་བཟུང་ནས“སྔོ་ལྗང་གི་ལྕགས་རི”སྲུང་གི་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-03-12

    སྐྱ་རེངས་ཤར་བ་དང་ཆབས་ཅིག་ཏུ་སྣེ་གདོང་ཆུས་རྩེད་ཐང་གྲོང་རྡལ་རྒྱ་གྲོང་ཚོའི་ལོ་71ལ་སླེབས་པའི་ཟླ་བ་རྒྱལ་མཚན་ཁྱིམ་ནས་དོན་ཏེ། རྐང་ཐང་མར་ཡར་ཀླུང་གཙང་འགྲམ་གྱི་འགོག་སྲུང་ནགས་རར་བསྐྱོད་ཅིང་། དེར་ཁོང་གིས་ཤིང་ལ་ཆུ་གཏོང་བ་དང་། ཡལ་གཅོད་རྒྱག་པ། ཤིང་རར་སྐོར་གཡེང་སོགས་ཉིན་རེའི་ལས་ཀ་བྱེད་འགོ་བརྩམས།

    “1967ལོར་ང་ལྷ་ས་ནས་ལྷོ་ཁར་ཐེངས་དང་པོ་ཡོང་བ་ཡིན། དེ་དུས་ཡར་ཀླུང་གཙང་འགྲམ་གྱི་བྱེ་ཐང་ལ་ལྕང་མ་རྐང་གཅིག་ཀྱང་མཐོང་རྒྱུ་མེད་པར་ཚང་མ་མཐའ་མི་མངོན་པའི་བྱེ་མས་ཁེངས་འདུག”ཅེས་ལྷོ་ཁ་ནགས་ལས་ཅུས་ཀྱི་དེ་སྔའི་ཅུས་ཀྲང་ལི་ཁྲུན་ལུའུ་ཡིས་དྲན་གསོ་བྱེད་བཞིན་བཤད།

    དུས་རབས་གོང་མའི་ལོ་རབས་བརྒྱད་ཅུར། ཡར་ཀླུང་གཙང་བོའི་སྐྱེ་ཁམས་འགོག་སྲུང་ནགས་ཚལ་འཛུགས་སྐྱོང་ལས་གྲྭ་དངོས་སུ་འགོ་བཙུགས་པ་དང་། གུང་ཁྲན་ཏང་ཡོན་ཟླ་བ་རྒྱལ་མཚན་ནགས་སྲུང་བའི་དཔུང་ཁག་ལ་ཞུགས་ནས་ཡར་ཀླུང་གཙང་འགྲམ་གྱི་འགོག་སྲུང་ནགས་ཚལ་སྲུང་མཁན་ཁག་དང་པོའི་རུ་མིར་གྱུར་ཡོད།

    ཆུང་དུས་ནས་ཕ་དང་མཉམ་དུ་ནགས་ཚལ་སྲུང་བར་འགྲོ་བ་དེས་ཟླ་བ་དངོས་གྲུབ་ནགས་རར་རིམ་བཞིན་དགའ་ཞེན་སྐྱེས། ལོ་27ལ་སླེབས་སྐབས་དཔུང་ཁག་ནས་ལས་སྒྱུར་བྱས་རྗེས་ཕ་ཤུལ་བཟུང་ནས་ད་བར་ལོ་22ནཌ་བསྲུངས་ནས་བསྡད་པ་རེད།

    “ལོ་དེ་དག་ནང་ཤིང་འཛུགས་ནགས་བཟོ་བྱས་ཏེ་བྱེ་འགོག་བྱེ་བཅོས་ལ་འགག་རྩའི་ནུས་པ་ཐོན་པ་མིག་མཐོང་ལག་ཟིན་ཐུབ་་བྱུང” ཟླ་བ་དངོས་གྲུབ་ཀྱིས“ལོ་བཅུ་གྲངས་འགའ་འདས་རྗེས། འདི་གར་ལྗོན་ཤིང་བཏབ་པ་ལས་འགྱུར་ལྡོག་ཆེན་པོ་བྱུང་བ་ནི། བྱེ་རླུང་ཆུང་དུ་སོང་བ་དང་གནམ་སྔོ་བསང་ངེར་གྱུར་ནས་ཆུང་དུས་སུ་བྱེ་རླུང་འུར་འུར་ལྡང་བ་དེ་ད་ཆ་གང་སར་སྔོ་ལྗང་དུ་གྱུར་ཡོད། དེ་དག་ཚང་མ་དཀའ་བ་སྤྱད་པའི་འབྲས་བུ་རེད”ཅེས་བཤད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།