དབུ་ཤོག>ཆེད་སྒྲིག
  • སྔོ་ལྗང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞིར་གྱུར་ཡོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-03-12

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་དབང་འདུས་ཀྱིས“ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། 2021ལོའི་གཙོ་གནད་ལས་དོན་བཀོད་སྒྲིག་གནང་བའི་ཁྲོད‘སྦགས་བཙོག་འགོག་བཅོས་དང་སྐྱེ་ཁམས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་སུ་གཏོང་བ’ལོགས་སུ་ས་བཅད་ཅིག་བཟོས་གནང་བས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་ལྡན་པ་མཚོན་ཐུབ”ཅེས་གསུངས།

    འཐུས་མི་དབང་འདུས་ཀྱིས“ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་སྐྱེ་ཁམས་སྤྱི་ཕན་ནགས་ཚལ་སྲུང་སྐྱོང་སྲོལ་ཡིག་བཏོན་ཏེ་ཁོར་ཡུག་ཤུགས་རྐྱེན་གྱི་གདེང་འཇོག་དང་ཆོག་འཐུས་ལམ་ལུགས་ནན་ཤོས་ལག་བསྟར་བྱས་པ་དང་། ‘མཐོ་བ་གསུམ་དང་དམའ་བ་གཅིག’གི་ཁེ་ལས་དང་རྣམ་གྲངས་ཉིང་ཁྲིར་ལག་བསྟར་གཏན་འགོག་བྱས་ནས་གཏེར་ཁ་སྔོག་འདོན་མི་བྱེད་པ་མཐའ་འཁྱོངས་དང་ཆབས་ཅིག མཛེས་ལྗོངས་ཁུལ་གྱི་བཙོག་ཆུ་གཙང་གསིང་དང་གད་སྙིགས་ས་སྦས་འདུ་འགོད། ‘ཆུ་ཡུར་བཅོས་སྒྲིག་འདུ་འགོད’ སྐྱེ་ཁམས་སླར་གསོའི་འདུ་འགོད་བཅས་ལག་ལེན་ཤུགས་ཆེན་བསྟར་ཡོད། ཉེ་བའི་ལོ་ལྔ་ཡི་རིང་ཉིང་ཁྲི་གྲོང་ཁྱེར་གྱི་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་རྒྱ་ཁྱོན་མུའུ་ཁྲི་50ལྷག་ཙམ་ཟིན་པ་དང་། ཁྱད་ལྡན་འདེབས་འཛུགས་ཐོན་ལས་ཐད་ཇ་ལོ་དང་། སྔོ་ཚལ། བོད་སྨན་སྨན་རྒྱུ་བཅས་ཀྱི་འདེབས་འཛུགས་རྟེན་གཞི་དང་བོད་ཕག་གསོ་ཚགས་རྟེན་གཞི་བསྐྲུན་པར་དགའ་འོས་པའི་གྲུབ་འབྲས་ཐོབ་ནས་ཐོན་ལས་དེ་ལས་དུད་ཚང་ཁྲི་2ལྷག་ཙམ་གྱི་མི་ཁྲི་8ལྷག་ཙམ་ལ་ཕན་པ་ཐོབ་ཡོད། ཉིང་ཁྲི་གྲོང་ཁྱེར་གྱི་སྐྱེ་ཁམས་འཛུགས་གཏོད་ཕན་འབྲས་ཀྱིས་སྐྱེ་ཁམས་དཔལ་འབྱོར་ལ་སྔོ་ལྗང་གི་སྒུལ་ཤུགས་རྒྱུན་མཐུད་སྣོན་བཞིན་ཡོད”ཅེས་ངོ་སྤྲོད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།