དབུ་ཤོག>ཆེད་སྒྲིག
  • “སྐྱེ་ཁམས་ཡུལ་སྐོར”གྱི་ཡོང་འབབ་དེ་བས་མང་བ་གསོག་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-03-12

    ཡུལ་སྐོར་ལས་རིགས་རྒྱུན་བསྲིང་འཕེལ་རྒྱས་ལ་འགན་ལེན་ཇི་ལྟར་བྱེད་དགོས་སམ་ཞེ་ན། “འགག་རྩ་ནི་སྡོད་མལ་ཁོར་ཡུག་ལ་འཚམ་པའི་མཛེས་སྡུག་གྲོང་གསེབ་བསྐྲུན་ནས་ཡུལ་སྐོར་བ་ཡོང་འདོད་པར་མ་ཟད། མཛེས་སྡུག་ལྡན་པའི་ས་ཆ་དེར་མཉམ་དུ་སྲུང་འདོད་པར་བྱེད་དགོས”ཞེས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གི་རྫོང་དཔོན་གཞོན་པ་རྩ་རི་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཤང་ཀྲང་དཀོན་མཆོག་ཆོས་སྒྲོན་གྱིས་གསུངས། ཁོང་གིས་སྡོད་མལ་ལ་འཚམ་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་ལག་བསྟར་བྱེད་པའི་བྱ་ཐབས་གལ་ཆེན་དུ་བརྩིས་ཏེ། གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་དང་། འཚོ་བའི་བཙོག་ཆུ་གཙང་གསིང་། གྲོང་ཚོའི་རྣམ་པ་དང་བཀོད་པ་ལེགས་སུ་གཏོང་བ་བཅས་ལ་ཤུགས་སྣོན་རྒྱག་པ་གཙོ་བོར་བྱས་ནས་ཕྱོགས་ཁག་གི་སྟོབས་ཤུགས་དེར་ཧུར་ཐག་ཞུགས་རྒྱུར་སྐུལ་སློང་དང་། ཐོན་ཁུངས་སྣ་ཚོགས་ལེགས་སྒྲིག་དང་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། གྲོང་ཚོར་གཙང་སྦྲའི་བྱ་སྤྱོད་དང་གྲོང་ཚོའི་འཚོ་བའི་བཙོག་ཆུ་ཐག་གཅོད་སོགས་ཀྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་གསུངས།

    དེའི་ཆེད་དུ། འདི་ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་རིང་དཀོན་མཆོག་ཆོས་སྒྲོན་གྱིས་གྲ་སྒྲིག་བྱས་པའི་གྲོས་གཞི་ནི“གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་ལ་སྐུལ་འདེད་བཏང་ནས་གྲོང་གསེབ་དར་རྒྱས་ལ་འདེགས་སྐྱོར་བྱེད་དགོས་པ”འདི་རེད། ཁོང་གིས་རྒྱལ་ཁབ་རྣམ་གྲངས་ཀྱི་སྣེ་ཁྲིད་བརྒྱུད། མ་དངུལ་འཇོག་ཤུགས་ཆེ་རུ་བཏང་ནས་ཤང་དང་གྲོང་རྡལ་དུ་གད་སྙིགས་ཐག་གཅོད་སྒྲིག་བཀོད་འཛུགས་པའི་གནད་དོན་ཐག་གཅོད་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི“མཐའ་མའི་འགག་གནད”སེལ་བར་འདེགས་སྐྱོར་བྱེད་པའི་རེ་བ་གནང་གི་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།