དབུ་ཤོག>ཆེད་སྒྲིག
  • དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-03-12

    “སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། ‘ཤར་ནུབ་རྒྱུད་མཉམ་ལས་དང་ཁ་གཏད་རོགས་སྐྱོར་གྱི་ལམ་སྲོལ་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཀྲུང་དབྱང་ཚན་པ་དང་སྤྱི་ཚོགས་སྟོབས་ཤུགས་ཀྱི་རོགས་སྐྱོར་ནུས་པ་བཏོན་ནས་དབུལ་སྒྲོལ་ས་ཁུལ་གྱི་ནང་སྐྱེས་འཕེལ་ཤུགས་ཆེ་རུ་གཏོང་བར་མུ་མཐུད་རྒྱབ་སྐྱོར་བྱེད་དགོས’ཞེས་གསལ་པོ་བཏོན་ཡོད”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་དབང་འདུས་ཀྱིས་གསུངས་པ་དང་། ཁོང་གིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་ཞིབ་འཇུག་ལྟ་ཀློག་བྱེད་སྐབས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་ཁག་ཡག་པོ་སྒྲུབ་པར་ཡིད་ཆེས་ཀྱིས་ཁེངས་བྱུང་ཞེས་གསུངས།

    དབང་འདུས་ཀྱིས་གསུངས་དོན། 2016ལོ་ནས་བཟུང་ཉིང་ཁྲི་གྲོང་ཁྱེར་གྱིས་དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་སྤྱི་འདོམས་སྣེ་ཁྲིད་མཐའ་འཁྱོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་བླངས་པ་དང་། རིམ་རྩིས་བརྒྱབ་ན། དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་46བཏང་ནས་དབུལ་པོ་དུད་ཚང་6958དང་མི་23893ཉུང་དུ་བཏང་བ་དང་། ད་ལྟ་ལག་བསྟར་བྱེད་པའི་ཚད་གཞིའི་འོག་ཏུ་མི་འབོར་དབུལ་པོ་ཚང་མ་དབུལ་སྒྲོལ་བྱུང་ཞིང་། གྲོང་ཚོ(གྲོང་ལྷན)490ཚང་མ་དབུལ་པོ་ལས་ཕྱིར་འཐེན་བྱས་ལ། རྫོང(ཆུས)དབུལ་པོ་7ཚང་མས་དབུལ་ཞྭ་ཕུད་པ་དང་། དབུལ་པོ་དབུལ་རྐྱང་ཚང་མ་བསལ་བ་རེད།

    དབུལ་སྒྲོལ་དང་དབུལ་ཞྭ་ཕུད་པ་ནི་མཇུག་རྫོགས་ས་མིན་པར་འཚོ་བ་གསར་པ་དང་འབད་འཐབ་གསར་པའི་འགོ་འཛུགས་ས་ཞིག་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་ཁྲེན་ཅུན་གྱིས་བསྟན་དོན། རྒྱལ་ཁབ་ནུབ་གློག་ཤར་འདྲེན་སྦྲེལ་མཐུད་རྟེན་གཞིའི་གྲུབ་ཆ་གལ་ཆེན་ཞིག་གི་ངོས་ནས་ཆབ་མདོའི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་གསར་སྤེལ་གྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེ། “ད་ལོར་ངས་གྲོས་འགོ་གསུམ་བཏོན་པའི་གཅིག་ནི‘ཁུལ་གསུམ་ཀྲོའུ་གསུམ’གྱི་ནུས་རྒྱུ་གཙང་མའི་གསར་སྤེལ་བེད་སྤྱོད་ལ་རྒྱབ་སྐྱོར་བྱས་ཏེ་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ལ་རམ་འདེགས་བྱེད་རྒྱུའི་སྐོར་ཡིན” ཁོང་གིས“ནུས་རྒྱུ་གཙང་མ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་མགྱོགས་མྱུར་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་མཐོར་གཏོང་། དེ་བཞིན་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ལ་རམ་འདེགས་བྱ་ཆེད། ངས་ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱས་པ་བརྒྱུད་ཆིང་ཧྭ་མཚོ་འགག་ཞིབ་འཇུག་ཁང་གི་འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་སྤེལ་རེས་ཟབ་མོ་བྱས་ཏེ་འབྲེལ་ཡོད་གྲོས་གཞི་བཏོན་པ་ཡིན། རྒྱལ་ཁབ་ཀྱི་ངོས་ནས‘ཁུལ་གསུམ་ཀྲོའུ་གསུམ’གྱི་ནུས་རྒྱུ་གཙང་མའི་གསར་སྤེལ་བེད་སྤྱོད་ལ་རྒྱབ་སྐྱོར་གྱི་དུས་ཡུན་འབྲིང་རིང་གི་སྲིད་ཇུས་འདོན་པ་དང་འབྲེལ། དེང་སྐབས་ཕྱིར་གཏོང་མི་ཐུབ་པའི་གློག་ཤུགས་ལྷག་མ་དག་རིན་གོང་ཁེ་པོས་ས་ཆ་དེ་གའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སྤྱོད་རྒྱུར་མཁོ་སྤྲོད་བྱེད་རེ་ཡོད”ཅེས་གསུངས་པ་རེད།

    འདི་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང“རྫོང་དབུལ་པོ་དབུལ་སྒྲོལ་བྱས་པའི་ཉིན་ནས་བཟུང་ལོ་5ཡི་བར་བརྒལ་དུས་ཚོད་བཟོས་ཏེ་རོགས་སྐྱོར་སྲིད་ཇུས་གཙོ་བོ་སྤྱི་ཡོངས་ནས་བརྟན་པོ་ཡོང་བར་བྱེད་དགོས”ཞེས་བཏོན་ཡོད། དེའི་ཐད་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པར་ཟུར་ཉན་གནང་མཁན་མངའ་རིས་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་བསྟན་པ་དབང་ཕྱུག་ལ་མྱོང་ཚོར་ཟབ་མོ་ལྡན་ཡོད།

    བསྟན་པ་དབང་ཕྱུག་གིས་དབུལ་སྒྲོལ་མང་ཚོགས་ཀྱི་འབབ་འཕར་བརྟན་པོར་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་དམངས་འཚོ་འགན་ལེན་གྱི་ཞན་ཆ་སེལ་བ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱེད་པར་སྐུལ་འདེད་གཏོང་བའི་འགན་ལེན་གལ་ཆེན་ཡིན་པའི་ངོས་འཛིན་གནང་བ་དང་། ཁོང་གིས་མངའ་རིས་ས་ཁུལ་གྱིས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”ལ་དམ་འཛིན་བྱས་ཏེ“མཚམས་མི་འཇོག་པ་བཞིའི”བླང་བྱ་དོན་འཁྱོལ་བྱས་པས། ལོ་ལྔའི་རིང་རིམ་རྩིས་བརྒྱབ་ན། དབུལ་པོ་དུད་ཚང་6214དང་མི་23293ཉུང་དུ་བཏང་བ་དང་དབུལ་པོ་ཐོན་ཚད་2015ལོའི་28.7%ནས་0བར་ཆག་སྟེ་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་དབུལ་རྐྱང་བསལ་ཡོད་ཅེས་ངོ་སྤྲོད་གནང་བ་རེད།

    “མངའ་རིས་ས་ཁུལ་གྱི་དོན་དངོས་ལ་གཞིགས་ནས་ང་ཚོས‘བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན’བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ཏེ་གྲོང་གསེབ་ཐོན་ལས་དང་། ཤེས་ལྡན་པ། རིག་གནས། སྐྱེ་ཁམས། རྩ་འཛུགས་སོགས་ཕྱོགས་ཡོངས་ཀྱི་དར་རྒྱས་ལ་སྐུལ་འདེད་བཏང་སྟེ་དམངས་ཕྱུག་མཐའ་དར་དང་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་དགོས”ཞེས་བསྟན་པ་དབང་ཕྱུག་གིས་གསུངས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།