
པར་གཡས་པ་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་པེ་ཅིང་གྲོང་ཁྱེར་ཞིང་ནགས་ཚན་རིག་ཁང་གི་ཞིབ་འཇུག་པ་ཀྲའོ་ཞའོ་ཡན་གྱིས། ཞིང་ལས་རིགས་ཀྱི་ཞིབ་འཇུག་སློབ་མ་བསྡུ་བའི་དམིགས་ཚད་ཆེ་རུ་བཏང་ནས་ཞིང་ཆེན་རིམ་པའི་ཞིང་ཚན་ཁང་དང་མཐོ་སློབ་ཀྱིས་ཞིང་ལས་ཚན་རྩལ་གྱི་གསར་གཏོད་ཤེས་ལྡན་པ་མཉམ་དུ་གསོ་སྐྱོང་བྱེད་པའི་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ། ཞིང་ལས་ཚན་རྩལ་མི་སྣ་དཀོན་པ་དང་གཏིང་ཤུགས་མི་འདང་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
པར་གཡོན་མ་ནི་2020ལོའི་ཟླ་7ཚེས་9ཉིན་ཀྲུང་གོ་ཞིང་ལས་སློབ་ཆེན་གྱི་2018ལོའི་ཐོན་ཁུངས་དང་ཁོར་ཡུག་སློབ་གླིང་གི་ཞིབ་འཇུག་སློབ་མ་ཡེ་སུང་ལིན(གཡས)དང་ཀྲང་ཀྲེ་ཞང་གིས་ཧོ་པེ་ཞིང་ཆེན་ཆུས་ཀྲོའུ་རྫོང་གི་ཚོད་ལྟའི་ཞིང་ནང་དུ་གྲངས་གཞི་ཐོ་འགོད་བྱེད་བཞིན་ཡོད། 2009ལོ་ནས་བཟུང་ཀྲུང་གོ་ཞིང་ལས་སློབ་ཆེན་གྱི་དགེ་སློབ་ཚོས་ཆུས་ཀྲོའུ་རུ་ཚན་རྩལ་སྒོ་ར་ཆུང་ཆུང་བཙུགས་པ་དང་། ཞིང་ལས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་འབོར་ཆེན་དེ་གར་སློབ་སྦྱོང་དང་འཚོ་བ་སྐྱེལ་བར་ཡོང་གི་ཡོད།