དབུ་ཤོག>ཆེད་སྒྲིག
  • འཐུས་མི་ཅིང་ཅུན་ཧའེ་ཡིས་ཞིང་ལས་དེང་རབས་ཅན་གྱི་གྲལ་མགོའི་དམག་བརྩོན་ལེན་བྱེད་དགོས་ཞེས་གསུངས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-03-12

    དབུལ་སྒྲོལ་ཞྭ་ཕུད་ནི་མཇུག་འགྲིལ་བ་ཞིག་མིན་པར། འཚོ་བ་གསར་པ་དང་འབད་འཐབ་གསར་པའི་འགོ་ཚུགས་པ་མཚོན་གྱི་ཡོད།

    ཆབ་སྲིད་ཀྱི་འགན་འཁྲི་ཡིན་པའི་འབྲུ་རིགས་བདེ་འཇགས་དེ་ཉིད་ཕྲག་ཐོག་ཏུ་བརྟན་པོ་འཁུར་དགོས་ཤིང་། ཅི་ལིན་གྱི་འབྲུ་རིགས་ཐོན་འབབ་ལོ་8བསྟུད་མར་རྒྱ་མ་དུང་ཕྱུར་700ཡན་དུ་སླེབས་མོད། ང་ཚོས་འབྲུ་རིགས་ཐོན་སྐྱེད་ལ་ལྷོད་གཡེང་སྤུ་ཙམ་མི་གཏོང་བར་དམ་འཛིན་བྱས་ཏེ་རྒྱ་མ་དུང་ཕྱུར་800ཡི་དུས་མཚམས་རང་བཞིན་གྱི་དམིགས་ཚད་ཕྱོགས་སུ་བསྐྱོད་ནས། རྒྱལ་ཁབ་ལ་འབྲུ་རིགས་མང་ཙམ་དང་སྤུས་ལེགས་འབྲུ་རིགས་ཐོན་སྐྱེད་བྱས་ཏེ་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པར་ཅི་ལིན་གྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས།

    འབྱུང་རྩའི་རྨང་གཞི་ཡིན་པའི་ཐོན་ལས་དར་རྒྱས་དེ་ཉིད་ལ་དམ་འཛིན་ཡག་པོ་བྱེད་དགོས་ཤིང་། གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་གཉིས་པ་གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས། “ཅི་ལིན”གྱི་སྤུས་རྟགས་ཁག་གཅིག་བཏོད་དེ་དུང་ཕྱུར་ཁྲི་རིམ་པའི་ཞིང་ལས་ཐོན་རྫས་དང་བཟའ་བཅའི་ཞིབ་ཚགས་ལས་སྣོན་གྱི་ཐོན་ལས་བསྐྲུན་ཏེ་ཐོན་ལས་ཧྲིལ་པོའི་སྦྲེལ་ཐག་གི་རིན་ཐང་མཐོ་རུ་གཏོང་བ་དང་ཞིང་པ་ཐག་ཉེ་ས་དང་ཡུལ་དེ་གར་ལས་ཞུགས་ལས་གཏོད་བྱ་རྒྱུར་སྐུལ་ཁྲིད་ཀྱིས་ཞིང་ལས་གོང་འཕེལ་དང་གྲོང་གསེབ་དར་རྒྱས་ཡོང་བ་བྱས་ནས་ཐོན་ལས་དར་རྒྱས་ཁྲོད་ཞིང་པའི་བདེ་རྩ་མང་དུ་འགྲོ་བ་བྱེད་དགོས།

    རྨང་རྡོ་ལྟ་བུ་ཡིན་པའི་གྲོང་གསེབ་བཅོས་སྐྱོང་དེ་ཉིད་བརྟན་དུ་གཏོང་དགོས་ཤིང་། གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པར་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་ཀྱི་རིག་གནས་འཛུགས་སྐྱོང་ལ་དམ་འཛིན་བྱས་ཏེ་ཁྱིམ་སྲོལ་དང་། གྲོང་སྲོལ། དམངས་སྲོལ་བཅས་ཡག་པོ་སྐྱེད་སྲིང་བྱས་ཏེ་གྲོང་གསེབ་བཅོས་མཁས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཕྱི་ནང་གཉིས་ཀར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་གྲོང་གསེབ་འཛུགས་སྐྲུན་གྱི་བྱ་སྤྱོད་ལག་བསྟར་བྱས་ཏེ་ཞིང་པ་མང་ཚོགས་ལ་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་དེ་བས་མང་བ་ཡོད་པ་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།