དབུ་ཤོག>ཆེད་སྒྲིག
  • དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-03-12

    དབུལ་སྒྲོལ་ཞྭ་ཕུད་ནི་མཇུག་འགྲིལ་བ་ཞིག་མིན་པར། འཚོ་བ་གསར་པ་དང་འབད་འཐབ་གསར་པའི་འགོ་ཚུགས་པ་མཚོན་གྱི་ཡོད། སྙིང་སྟོབས་དང་སེམས་ཤུགས་མི་ཉམས་པ་དང་དཀའ་སྤྱད་དངོས་སྒྲུབ་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་། དབུལ་སྒྲོལ་དུད་ཚང་དང་མཐར་ལུས་དུད་ཚང་གི་གནས་ཚུལ་ལ་དུས་བཀག་ནང་བབ་བསྟུན་ཞིབ་བཤེར་ཚད་ལེན་དང་རོགས་སྐྱོར་བྱེད་པ། ཐོན་ལས་རོགས་སྐྱོར་སྤྱི་ཡོངས་ལ་ཁྱབ་པའི་ལམ་སྲོལ་འཛུགས་པ། ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་བཅས་བྱེད་དགོས། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ས་ཚིགས་ཀྱི་མང་ཚོགས་ལ་རྗེས་མཐུད་རོགས་སྐྱོར་བྱ་རྒྱུར་རྒྱུན་མཐུད་དམ་འཛིན་ཡག་པོ་བྱས་ནས། དབུལ་སྐྱོར་འཁོར་ཁང་འཛུགས་པ་དང་ཐོན་ལས་རྟེན་གཞི་བཏོད་དེ་གནས་སྤོས་མང་ཚོགས་གཞིས་ཆགས་ཐུབ་པ་དང་། ལས་ཞུགས་ཐུབ་པ། རིམ་བཞིན་ཕྱུག་པོ་ཆགས་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་དགོས། ནུབ་རྒྱུད་ས་ཁུལ་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ཁ་གཏད་རོགས་སྐྱོར་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་དེའི་ནང་ཞུགས་ནས་རོགས་སྐྱོར་བྱེད་པ་སོགས་ཀྱི་ལམ་སྲོལ་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།