དབུ་ཤོག>ཆེད་སྒྲིག
  • གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གོམ་སྟབས་མགྱོགས་སུ་གཏོང་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-03-12

    ཧྲའན་ཤིས་ཀྱི་གསར་གཏོད་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་ཚན་རྩལ་ཁྱབ་ཁོངས་སུ་རྨང་གཞི་ཡག་པོ་ཡོད་པ་དེ་ལེགས་ཆ་རེད་ལ། མི་མངོན་པའི་ནུས་པའང་རེད། ང་ཚོས་སྒྱུར་བཅོས་ཀྱི་བྱ་ཐབས་ལ་བརྟེན་ནས་ཤེས་ལྡན་མི་སྣ་དང་ལམ་སྲོལ་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་དགོས། ཤེས་ལྡན་མི་སྣར་སྐུལ་མ་གཏོང་བའི་བྱ་ཐབས་འཐུས་སྒོ་ཚང་དུ་བཏང་ནས་རྨང་གཞིའི་ཞིབ་འཇུག་དང་ཉེར་སྤྱོད་ཞིབ་འཇུག་ལ་དམིགས་ནས་གདེང་འཇོག་མ་ལག་མི་འདྲ་བ་བཟོས་ཏེ། ཚན་རྩལ་གྱི་ཤེས་ལྡན་མི་སྣ་དང་གསར་གཏོད་ཀྱི་ཚོགས་པར་སྲིད་ཇུས་དང་ཞབས་ཞུ་ཡག་ཤོས་མཁོ་འདོན་བྱེད་དགོས།

    ང་ཚོས་ནུས་ཤུགས་ཡོད་རྒུས་གསར་གཏོད་ཀྱི་གཞི་རྐྱེན་ཁེ་ལས་སུ་གཅིག་སྡུད་བྱེད་པའི་བགྲོད་ལམ་ཤར་གཏོད་ཐུབ་པ་དང་། དུས་འཁོར་གྱི་སྐས་རིམ་སྐྱེད་སྲིང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ལག་རྩལ་དང་། མ་དངུལ། རྣམ་གྲངས་སོགས་གསར་གཏོད་ཐོན་ཁུངས་དེ་བས་མང་བ་དང་དེ་བས་མགྱོགས་པའི་སྒོ་ནས་ཁེ་ལས་ལ་ཕྱོགས་རྒྱུར་སྐུལ་འདེད་གཏོང་དགོས། 

    ང་ཚོས་ཐོན་ལས་འབྲེལ་ཐག་ལ་དམིགས་ནས་གསར་གཏོད་འབྲེལ་ཐག་བཀོད་སྒྲིག་བྱེད་པ་དང་། མཁའ་དབྱིངས་དང་། ནུས་རྒྱུ། རྒྱུ་ཆ་སོགས་ཀྱི་ལེགས་ཆའི་ཁྱབ་ཁོངས་ལ་གཞི་ཚུགས་ཏེ་ཧྲའན་ཤིས་ཚོད་ལྟ་ཁང་བཙུགས་ནས་མཐོ་རིམ་སློབ་གླིང་དང་། ཚན་ཞིབ་སློབ་གླིང་དང་སུའོ། ཁེ་ལས་བཅས་ཀྱི་ཐོན་ལས་ལག་རྩལ་གསར་གཏོད་ཀྱི་འཐབ་ཇུས་མནའ་འབྲེལ་དང་ཐུན་མོང་རང་བཞིན་གྱི་ལག་རྩལ་ཞིབ་སྤེལ་ལས་སྟེགས་མཉམ་དུ་བསྐྲུན་རྒྱུར་རྒྱབ་སྐྱོར་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།