དབུ་ཤོག>ཆེད་སྒྲིག
  • དབུལ་སྒྲོལ་མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་སུ་འགྲོ་བ་བྱེད་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-03-12

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་སྒྲོལ་ཞྭ་ཕུད་ནི་མཇུག་འགྲིལ་བ་ཞིག་མིན་པར་འཚོ་བ་གསར་པ་དང་འབད་འཐབ་གསར་པའི་འགོ་ཚུགས་པ་མཚོན་གྱི་ཡོད་ཅེས་བསྟན་གནང་ཡོད།

    ང་ཚོས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་གཞི་རྩའི་ཐབས་ཇུས་ལ་བརྩིས་ཏེ“ནོར་ལུག་དང་། སྔོ་ཚལ། ཤིང་འབྲས། ཞོག་ཁོག སྨན་རྩྭ”སོགས་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། གྲོང་གསེབ་ཡུལ་སྐོར་དང་དྲ་ཐོག་ཚོང་དོན་སོགས་གསར་དར་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་ནས་དབུལ་སྒྲོལ་མང་ཚོགས་ཚོར་ཐོན་ལས་འཕེལ་རྒྱས་ཁྲོད་ནས་ཕན་པ་ཡུན་རིང་ཐོབ་པར་བྱ་རྒྱུ་དང་། ང་ཚོས་རྒྱུན་མཐུད་འབབ་འཕར་གྱི་འགག་རྩར་དམ་འཛིན་ཏན་ཏིག་བྱས་ཏེ་ལས་ཞུགས་བརྟན་པོ་ཐུབ་པའི་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་ཕན་རང་བཞིན་གྱི་ལས་གནས་མཁོ་འདོན་དང་སྟབས་བསྟུན་ལས་ཞུགས་སོགས་ཀྱི་བྱེད་ཐབས་སྤྱད་དེ་དབུལ་སྒྲོལ་མང་ཚོགས་ཡོང་འབབ་བརྟན་པོའི་ངང་ཕྱུག་འགྱུར་གྱི་ལམ་བུའི་ཐོག་གོམ་ཞེང་ཆེན་པོས་བསྐྱོད་ཐུབ་པ་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།