དབུ་ཤོག>ཆེད་སྒྲིག
  • གཞི་རིམ་གྱི་མཁོ་ཆོད་སྨན་པ་ནུས་ཤུགས་ཡོད་རྒུས་མང་དུ་གཏོང་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-03-12

    སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་འཕྲོད་བསྟེན་བདེ་ཐང་མ་ལག་འཛུཌ་སྐྱོང་ལ་སྐུལ་འདེད་གཏོང་དགོས་པ་བཏོན་ཡོད། དམངས་འཚོ་ལེགས་གཏོང་ཐད། ཀྲུང་དབྱང་གིས་བོད་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་ཡོང་བར་སྐུལ་འདེད་བཏང་ཡོད། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ཞབས་ཞུའི་འཇོན་ཐང་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་བ་དང་། ཁ་གཏད་རོགས་སྐྱོར་གྱི་སྲིད་ཇུས་འཐུས་སྒོ་ཚང་དུ་དང་གཏིང་ཟབ་ཏུ་བཏང་ནས་གཞི་རིམ་གྱི་སྨན་བཅོས་མི་སྣ་གསོ་སྦྱོང་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། ནུས་ཤུགས་ཡོད་རྒུས་གཞི་རིམ་གྱི་མཁོ་ཆོད་སྨན་པ་མང་དུ་གཏོང་རྒྱུར་ཤུགས་རྒྱག་པ། བོད་ཀྱི་གསོ་བ་རིག་པའི་ཚན་ཞིབ་གསར་གཏོད་དང་། ཐོན་ལས་འཕེལ་རྒྱས། ཚད་ལྡན་ཅན་གྱི་མ་ལག་འཛུགས་སྐྱོང་བཅས་ལ་རྒྱབ་སྐྱོར་བྱས་ནས་བོད་ཀྱི་གསོ་བ་རིག་པའི་བྱ་གཞག་དར་རྒྱས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་འཐུས་མི་ཚེ་རིང་གཡང་འཛོམས་ཀྱིས་གྲོས་འགོ་བཏོན་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།