དབུ་ཤོག>ཆེད་སྒྲིག
  • ཚོགས་འདུ་གཉིས་ཀྱི་དགོངས་དོན་དམག་སྒར་དུ་དྲིལ་བསྒྲགས་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-03-11

     འདི་ནི་2021ལོའི་ཟླ་3ཚེས་9ཉིན་དྲག་ཆས་ཉེན་རྟོག་འཕྲལ་སྒྲུབ་སྤྱི་ཁྱབ་རུ་ཁག་དང་པོའི་ཉིང་ལག་རུ་ཁག་ཞིག་གི་དཔོན་དམག་ཚོས་ཚགས་པར་ནས་ཚོགས་འདུ་གཉིས་ཀྱི་གསར་འགྱུར་ལྟ་བཞིན་པ།

    འདི་ནི་2021ལོའི་ཟླ་3ཚེས་4ཉིན་དྲག་ཆས་ཉེན་རྟོག་འཕྲལ་སྒྲུབ་སྤྱི་ཁྱབ་རུ་ཁག་དང་པོའི་ཉིང་ལག་རུ་ཁག་ཞིག་གི་དཔོན་དམག་ཚོས་བརྙན་འཕྲིན་ནས་ཚོགས་འདུ་གཉིས་ཀྱི་གནས་ཚུལ་ལྟ་བཞིན་པ།

    རྒྱལ་ཡོངས་ཚོགས་འདུ་གཉིས་ལ་དམིགས་པ་དང་འགན་འཁྲི་དང་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་ཞིང་། 2021ལོའི་ཟླ་3ཚེས་4ཉིན་རྒྱལ་ཡོངས་ཚོགས་འདུ་གཉིས་འགོ་ཚུགས་པ་ནས་བཟུང་། དྲག་ཆས་ཉེན་རྟོག་འཕྲལ་སྒྲུབ་སྤྱི་ཁྱབ་རུ་ཁག་དང་པོའི་ཉིང་ལག་རུ་ཁག་ཞིག་གིས“ཚོགས་འདུ་གཉིས”ཀྱི་དགོངས་དོན་དང་མིག་སྔའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ཟུང་འབྲེལ་བྱས་པ་མ་ཟད། དཔོན་དམག་སྒྲིག་འཛུགས་བྱས་ནས་རླུང་འཕྲིན་དང་། བརྙན་འཕྲིན། ཚགས་པར། དུས་དེབ། སྐད་འཕྲིན་སྤྱི་སྟེགས་སོགས་བརྒྱུད“ཚོགས་འདུ་གཉིས”ཀྱི་འབྲེལ་ཡོད་གནས་ཚུལ་ལ་དོ་ཁུར་ཟབ་མོ་བྱས་པ་དང“ཚོགས་འདུ་གཉིས”ཀྱི་དགོངས་དོན་སློབ་སྦྱོང་བྱས་ནས་དཔོན་དམག་ཚོར་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་ནས་མི་དམངས་ཀྱི་འཚོ་བའི་བདེ་རྩ་ཆེ་རུ་ཕྱིན་པ་མྱོང་ཚོར་ཟབ་མོ་ཐུབ་རྒྱུར་ཁྲིད་སྟོན་དང་དཔོན་དམག་ཚོར་དུས་རབས་གསར་པའི་དྲག་ཆས་ཉེན་རྟོག་དཔོན་དམག་གིས་ཁུར་བའི་འགན་འཁྲི་དང་ལས་འགན་གསལ་པོ་ཤེས་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་པ་དང་། “ཚོགས་འདུ་གཉིས”ཀྱི་དགོངས་དོན་སློབ་སྦྱོང་བྱས་པ་བརྒྱུད། བསམ་བློ་སྔར་བས་གཅིག་གྱུར་དང་། སྙིང་སྟོབས་ཆེར་སྐྱེད། ངར་ཤུགས་འཕེལ་བ། དཔའ་སེམས་ཆེར་སྐྱེད་བཅས་བྱུང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།