དབུ་ཤོག>ཆེད་སྒྲིག
  • རིག་ལྡན་གྲོང་ཁྱེར་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-03-11

    རིག་ལྡན་གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུ་ནི་གོ་རིམ་ལྡན་པའི་འདུ་འགོད་ཅིག་རེད། གྲངས་གཞི་བསྡུ་རུབ་དང་དེར་དབྱེ་ཞིབ་བྱེད་པའི་རྨང་གཞིའི་ཐོག་གྲངས་གཞིའི་རིན་ཐང་དང་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྤྱི་ཚོགས་བཅོས་སྐྱོང་རིག་ནུས་ཅན་དུ་འགྱུར་བར་བྱས་ནས་གྲངས་གཞི“རང་ཉིད་ཀྱི་ཆེད་སྤྱོད་ཐུབ་པ”དང་གྲོང་ཁྱེར་འཁོར་སྐྱོད“རིག་ལྡན”ཅན་དུ་འགྱུར་བར་བྱེད་དགོས་པ་དང་། འབྱུང་འགྱུར་རིག་ལྡན་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་དམིགས་ཚད་དང་འཆར་འགོད་གྲུབ་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། ས་གནས་མི་འདྲ་བའི་འཕེལ་རྒྱས་ཀྱི་དོན་དངོས་དང་ལག་རྩལ་གྱི་རྨང་གཞིར་གཞིགས་ཏེ། རིག་ལྡན་གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། ས་གནས་ཁག་གིས་འཚོལ་ཞིབ་གསར་གཏོད་དང་ལག་རྩལ་མཉམ་འདྲེས་བརྒྱུད། ཆ་འཕྲིན་ལག་རྩལ་དང་རིག་ནུས་ལག་རྩལ་ཧུར་ཐག་སྤྱོད་པ་དང་སྲིད་དོན་ཞབས་ཞུའི་བརྒྱུད་རིམ་ལེགས་སུ་གཏོང་བ། སྲིད་འཛིན་གྱི་ལས་སྒྲུབ་ལས་ཕྱོད་ཆེ་རུ་གཏོང་བ་བཅས་ཀྱི་སྒོ་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སྟབས་བདེ་བསྐྲུན་རྒྱུར་སྐུལ་ལྕག་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།