“སེམས་ཁམས་བྱང་ཚད་ཀྱི་སློབ་གསོ་ནི་བྱང་ཚད་སློབ་གསོའི་ནང་དོན་གལ་ཆེན་ཞིག་རེད”ཅེས་ཨན་ཧུའེ་ཞིང་ཆེན་པེང་པུའུ་ཚོད་ལྟའི་སློབ་ཆུང་དང་པོའི་སློབ་གསོ་ཚོགས་པའི་ཏང་ཨུད་ཀྱི་ཧྲུའུ་ཅི་འཐུས་མི་ཚུའེ་ཅན་མེ་ཡིས་གསུངས་པ་དང་། ཁོང་གིས་སློབ་གྲྭ་འབྲིང་ཆུང་གི་སློབ་མ་ལུས་སེམས་འཚར་ལོངས་གི་གལ་ཆེའི་དུས་སུ་སླེབས་པ་དང་། ལྷག་པར་དུ་ལུས་སེམས་བདེ་ཐང་གི་སློབ་གསོ་གཏོང་བའི་གནད་དོན་ལ་མཐོང་ཆེན་བྱེད་དགོས་པ་དང་། སློབ་མའི་སེམས་ཁམས་འགྱུར་ལྡོག་གི་ཁྱད་ཆོས་དང་ལུས་སེམས་འཚར་ལོངས་ཀྱི་ཆོས་ཉིད་ལ་གཞིགས་ཏེ། འབྲེལ་ཡོད་རིག་ཚན་སློབ་ཁྲིད་དང་སློབ་གསོའི་བྱེད་སྒོ་ཕན་ཚུན་ཟུང་འབྲེལ་དང་། སློབ་ཁྲིད་སློབ་གསོ་དང་སློབ་ཕྱིའི་ལག་ལེན་ཕན་ཚུན་ཟུང་འབྲེལ་གྱི་བདེ་ཐང་སློབ་གསོ་གཏོང་སྟངས་གཏོད་པ་དང་དུས་མཚུངས་སུ་སློབ་གྲྭ་དང་ཁྱིམ་ཚང་དབར་སེམས་ཁམས་བདེ་ཐང་སློབ་གསོའི་ཐད་འབྲེལ་ལམ་བཙུགས་ཏེ། འབྲེལ་ཡོད་དགེ་རྒན་དཔུང་ཁག་གི་སྟོབས་ཤུགས་གསོ་སྦྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་གྲོས་འགོ་བཏོན་ཡོད།