དབུ་ཤོག>ཆེད་སྒྲིག
  • རྒན་གསོའི་ལས་རིགས་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-03-11

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་ནི་མི་འབོར་རྒན་རྒོན་ཅན་ལ་ཁ་གཏད་ཧུར་ཐག་བཅག་ནས་རྒན་གསོའི་ཞབས་ཞུར་གྲ་སྒྲིག་ཡག་པོ་བྱེད་པའི་དུས་སྐབས་བཟང་པོ་ཞིག་རེད། རྒན་གསོའི་ལས་རིགས་ཀྱི་ཚད་ལྡན་མ་ལག་འཛུགས་སྐྱོང་བྱེད་མགྱོགས་སུ་བཏང་ནས་རྒན་གསོའི་ཐོན་ལས་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་དང་། རྒན་གསོའི་སྒྲིག་གཞིས་འདེགས་སྐྱོར་བྱ་རྒྱུ་ཁྱབ་གདལ་ཧུར་ཐག་བཏང་ནས། སྡེ་ཁུལ་དང་ཁྱིམ་སྡོད་རྒན་གསོའི“ཕྱོགས་གསུམ་གཞི་གཅིག”གི་རྒན་གསོ་བྱེད་སྟངས་ཁྱབ་འགྱེད་བྱེད་པ་དང་སྦྲགས་སྲིད་གཞུང་གི་ཉོ་སྒྲུབ་ཞབས་ཞུ་བརྒྱུད། རྒན་གསོའི་སྒྲིག་གཞིས་སྡེ་ཁུལ་དང་ཁྱིམ་ཚང་དུ་ཞབས་འདེགས་ཞུ་རྒྱུར་རྒྱབ་སྐྱོར་བྱེད་པ། ནོར་སྲིད་ཀྱི་རྒྱབ་སྐྱོར་དང་ཁྲལ་འབབ་ཆག་ཡང་དང་རྩ་ཆག་གཏོང་ཤུགས་ཆེ་རུ་བཏང་སྟེ། རྒན་གསོའི་སྒྲིག་གཞིར་མ་གནས་དམའ་རུ་གཏོང་རོགས་དང་ཧེ་བག་གི་ཁ་གསབ་སྲིད་ཇུས་ལག་ལེན་བསྟར་ནས་རྒན་གསོའི་སྒྲིག་གཞིའི་ཞབས་ཞུའི་སྤུས་ཚད་ལེགས་སུ་གཏོང་རྒྱུར་སྐུལ་མ་གཏོང་བ། ཆེད་ལས་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རྒན་གསོ་ཞབས་ཞུའི་ཆེད་ལས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།