དབུ་ཤོག>ཆེད་སྒྲིག
  • ཀྲུང་ལུགས་གསོ་རིག་མགྱོགས་མྱུར་དར་རྒྱས་གོང་འཕེལ་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-03-11

    སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བསྟན་དོན། ཀྲུང་ལུགས་གསོ་རིག་དང་ཕྱི་ལུགས་གསོ་རིག་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས། ཀྲུང་ལུགས་གསོ་རིག་དར་རྒྱས་གོང་འཕེལ་གྱི་འདུ་འགོད་གལ་ཆེན་ལག་ལེན་བསྟར་དགོས། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་ཀྱི་ཅུས་ཀྲང་ཨུ་ཡོན་ཡུས་དབུན་མིང་གིས། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ནི་ཀྲུང་ལུགས་གསོ་རིག་དར་རྒྱས་གོང་འཕེལ་གཏོང་བའི་འགག་རྩའི་དུས་སྐབས་ཤིག་རེད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཀྲུང་ལུགས་གསོ་རིག་རྒྱུན་འཛིན་དང་། གསར་གཏོད། འཕེལ་རྒྱས་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཁྱབ་ཁོངས་ཁག་ནང་སྔ་བར་ཕྱི་གསུམ་དུ་ཁྱབ་པ་བྱས་ནས། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གཏོད་རིང་ཀྲུང་ལུགས་གསོ་རིག་དར་རྒྱས་གོང་འཕེལ་གཏོང་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།

    ཀྲུང་གོ་ཀྲུང་ལུགས་གསོ་རིག་ཚན་རིག་ཁང་གི་ཡོན་ཀྲང་ཨུ་ཡོན་ཧོང་ལུའུ་ཆི་ཡིས། ཀྲུང་ལུགས་གསོ་རིག་དར་རྒྱས་གོང་འཕེལ་གཏོང་བའི་འདུ་འགོད་གལ་ཆེན་ལག་ལེན་བསྟར་བར། རྩེ་རིམ་ཇུས་འགོད་ལ་དེ་བས་ཤུགས་སྣོན་རྒྱག་པ་དང་། ཞན་ཆ་སེལ་བ་དང་ཉམས་ཞན་སྟོབས་ཆེར་གཏོང་བ། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་གལ་ཆེ་མཉམ་འཛིན་དངོས་འབྲེལ་ཐུབ་པར་བྱེད་པ། ཀྲུང་ལུགས་གསོ་རིག་དང་ཕྱི་ལུགས་གསོ་རིག་ཕན་ཚུན་གསབ་རེས་དང་མཐུན་སྦྱོར་འཕེལ་རྒྱས་ཀྱི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་འཕྲོད་བསྟེན་དང་བདེ་ཐང་འཕེལ་རྒྱས་གཏོང་སྟངས་གཏོད་པ། ཀྲུང་ལུགས་གསོ་རིག་འཛམ་གླིང་གི་ཁྱབ་ཁོངས་སུ་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་འདུས་གྲུབ་གཏོད་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།