དབུ་ཤོག>ཆེད་སྒྲིག
  • ཐབས་བརྒྱ་ཇུས་སྟོང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛次仁   |     སྤེལ་དུས།  2021-03-11

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་ཐོག་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་ཁག་ཏན་ཏིག་བསྒྲུབས་ཏེ་དབུལ་སྒྲོལ་གྱི་རྨང་གཞི་དེ་བས་སྲ་བརྟན་དང་གྲུབ་འབྲས་དེ་བས་རྒྱུན་མཐུད་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་ཡོད།

    སྤྱི་ཁྱབ་ཧྲུའུ་ཅིའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱ་ཆེད། ང་ཚོས“ལས་སྟེགས་གཅིག་དང་ལམ་སྲོལ་གསུམ”དུས་ཚོད་དམ་འཛིན་གྱིས་འཛུགས་བཞིན་ཡོད་པ་དང་ཕྱོགས་ཡོངས་ལ་ཁྱབ་པ་བཞི་མངོན་འགྱུར་ཡོང་བ་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་སྟེ།

    གཅིག་ནས་ཞིང་ཆེན་ཡོངས་སུ་གཅིག་གྱུར་གྱི་སྲིད་གཞུང་གི་རོགས་སྐྱོབ་ལས་སྟེགས་བཙུགས་ནས་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་ཚང་མར་རོགས་སྐྱོབ་ཁྱབ་པ་བྱ་རྒྱུ། ང་ཚོས“སེམས་ཁྲལ་མེད་པ་གསུམ་དང་འགན་ལེན་གསུམ”ལ་མུ་མཐུད་དམིགས་ཏེ་ནུས་ཆེ་དང་། སྟབས་བདེ། གནད་སྨིན་བཅས་ཀྱི་བསམ་ཕྱོགས་གཞིར་བཟུང“སྲིད་གཞུང་འཚོལ་བའི”APPགསར་སྤེལ་བྱས་ནས་སྲིད་གཞུང་གི་རོགས་སྐྱོབ་ལས་སྟེགས་བསྐྲུན་ཏེ་གཞི་ཁྱོན་ཅན་གྱི་དབུལ་པོ་བསྐྱར་ལོག་མི་ཡོང་བའི་མཐའ་ཚད་མཐའ་གཅིག་ཏུ་སྲུང་རྒྱུ་ཡིན།

    གཉིས་ནས་ཁེ་ཕན་མཉམ་འབྲེལ་གྱི་ལམ་སྲོལ་བརྟན་པོ་བཙུགས་ནས་ཐོན་ལས་རོགས་སྐྱོར་ཚང་མར་ཁྱབ་པ་བྱ་རྒྱུ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བར་འགག་རྩ་ཐོན་ལས་ལ་ཐུག་ཡོད། ལོ་གསུམ་ལྷག་ཙམ་གྱི་དུས་ཚོད་ནང་གྲོང་ཚོ་རེས་སྣེ་འདྲེན་ཁེ་ལས་ཀྱིས་སྐུལ་ཁྲིད་བྱེད་པའི་ཆེད་ལས་མཉམ་ལས་ཁང་1ཡན་སྐྱེད་སྲིང་བྱས་ནས“གྲོང་ཚོ་རེར་སྤུས་རྟགས་གཅིག”གི་ཐོན་སྐྱེད་རྟེན་གཞི་བསྐྲུན་པ་དང་ཐོན་ལས་དབུལ་སྐྱོར་གྱི་རྩ་འཛུགས་ཅན་ཆུ་ཚད་མཐོ་རུ་བཏང་སྟེ་ཞིང་པའི་ཡོང་འབབ་བརྟན་པོའི་ངང་འཕར་བར་སྐུལ་འདེད་གཏོང་རྒྱུ་ཡིན།

    གསུམ་ནས་མ་རྐང་མཉམ་ལས་ལམ་སྲོལ་བཙུགས་ནས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་ཕྱོགས་ཡོངས་ལ་ཁྱབ་པ་བྱ་རྒྱུ། མཉམ་སྡེབ་དཔལ་འབྱོར་སྟོབས་ཆེ་ཆུང་ནི་གྲོང་གསེབ་འཕེལ་རྒྱས་ཀྱི་འགག་རྩའི་དམིགས་ཚད་ཡིན། ང་ཚོས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེའི་གྲོང་ཚོའི་འདུ་འགོད་ལག་བསྟར་གཏིང་ཟབ་བྱས་ནས་སྲིད་ཇུས་ཀྱི་རྒྱབ་སྐྱོར་ལ་ཤུགས་སྣོན་རྒྱག་པ་དང་ལོ་གཉིས་ནས་གསུམ་བར་གྱི་དུས་ཚོད་སྤྱད་དེ་གྲོང་ཚོ་རིམ་པའི་མཉམ་སྡེབ་ཀྱི་ཚོང་གཉེར་རང་བཞིན་གྱི་ཡོང་འབབ“མེད་པའི་གྲོང་ཚོར”ཡོང་འབབ་ཡོད་པ་བྱེད་རྒྱུ་ཡིན།

    བཞི་ནས་རིག་སྐྱོར་བློ་སྐྱོར་གྱི་ཕུགས་ཕན་ལམ་སྲོལ་བཙུགས་ནས་ལས་ཞུགས་གསོ་སྦྱོང་ཚང་མར་ཁྱབ་ཐུབ་པ་བྱ་རྒྱུ། ལས་ཞུགས་བརྟན་དུ་གཏོང་རྒྱུ་ནི་ཡོང་འབབ་དམའ་བའི་མི་འབོར་གྱི་ཡོང་འབབ་མང་དུ་གཏོང་བའི་ཐད་ཀའི་ཐབས་ལམ་ཞིག་རེད། ལས་ཞུགས་གསོ་སྦྱོང་གིས་ངལ་ནུས་ལྡན་པའི་ཡོང་འབབ་དམའ་བའི་མི་འབོར་གྱི་དགོས་མཁོ་སྔོན་ལ་བསྐངས་ནས་ལག་རྩལ་སྣ་གཅིག་ཤེས་ཏེ་ལས་ཞུགས་ལ་འགན་ལེན་བྱས་ཡོད། ལས་ཞུགས་གཞན་སྒྱུར་དང་། སྤྱི་ཕན་ལས་གནས། གུད་གསབ་ལས་སྤྲོད་སོགས་ཀྱི་རྣམ་གྲངས་ཀྱིས་ངལ་ནུས་ལྡན་པའི་ཡོང་འབབ་དམའ་བའི་མི་འབོར་གྱི་དགོས་མཁོ་སྔོན་ལ་བསྐངས་ནས་ཚང་མར་ཁྱབ་ཐུབ་པར་བྱས་ཏེ་དབུལ་སྒྲོལ་མང་ཚོགས་ཀྱི་ནང་གནས་སྒུལ་ཤུགས་རྒྱུན་མཐུད་ངང་འཕེལ་བར་བྱེད་རྒྱུ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།