དབུ་ཤོག>ཆེད་སྒྲིག
  • རྒྱལ་ཁབ་ཀྱིས་ཡུན་ནན་གྱི“རྒྱལ་མཚམས་སློབ་ཆེན”འཛུགས་སྐྲུན་ལ་ཤུཌ་སྣོན་རྒྱག་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-03-10

    ཡུན་ནན་ནི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བྱེད་རིང་གི་ཞིང་ཆེན་གལ་ཆེན་ཞིག་ཡིན་མོད། འོན་ཀྱང་ཡུན་ནན་མཐའ་མཚམས་ཀྱི་ཀྲོའུ་དང་གྲོང་ཁྱེར་དུ་དངོས་གཞིའི་མཐོ་སློབ་དཀོན་པ་དང་ད་ཡོད་མཐོ་སློབ་ཀྱི་སློབ་གཉེར་ཆུ་ཚད་མཐོ་པོ་མེད་པས། ཁུལ་ཁོངས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་ཁག་པོ་ཡོད་པ་མ་ཟད། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་དེ་བས་ཞབས་འདེགས་ཞུ་ཁག་པོ་ཡོད། རྒྱལ་ཁབ་ཀྱིས་ཡུན་ནན་གྱི“རྒྱལ་མཚམས་སློབ་ཆེན”འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ། མཐའ་མཚམས་ཀྱི་ཀྲོའུ་དང་གྲོང་ཁྱེར་གྱི་མཐོ་རིམ་སློབ་གསོ་འཕེལ་རྒྱས་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་དེ་བས་མང་བ་བྱེད་པ་དང་། སློབ་གཉེར་གྱི་ཆུ་ཚད་མཐོ་རུ་དང་ཕྱོགས་བསྡུས་འཇོན་ཐང་ཆེ་རུ་འགྲོ་རྒྱུར་མགྱོགས་མྱུར་རོགས་རམ་བྱེད་པ། ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོའི་ཕྱོགས་སུ་རིམ་བཞིན་ཁྱབ་འགྱེད་གཏོང་བ་བཅས་བྱས་ནས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ཆེད་སློབ་གསོའི་ཞབས་ཞུའི་ལམ་བུ་ཡག་པོ་འདིང་རྒྱུའི་གྲོས་འགྲོ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།