དབུ་ཤོག>ཆེད་སྒྲིག
  • དམངས་གཉེར་ཁེ་ལས་མཁས་ཅན་གྱིས་རྒྱལ་ཁབ་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་ཞུ་བ་དང་མུ་མཐུད་སྤྱི་ཚོགས་ལ་དྲིན་ལན་འཇལ་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-03-10

    སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ཞིང་ལས་བརྟན་པོའི་ངང་འཕེལ་རྒྱས་གཏོང་བ་དང་ཞིང་པར་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད། དམངས་གཉེར་ཁེ་ལས་གྲོང་གསེབ་དར་རྒྱས་ནང་ཞུགས་པ་ནི་སྔོན་ལ་ཕྱུག་པོ་ཆགས་མཁན་གྱིས་གཞན་ཕྱུག་པོ་ཆགས་རྒྱུར་རོགས་རམ་བྱེད་པའི་ཐབས་ལམ་ཡག་ཤོས་དེ་རེད། དམངས་གཉེར་ཁེ་ལས་མཁས་ཅན་ཞིག་ཡིན་པའི་ངོས་ནས་རྒྱལ་ཁབ་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་ཞུ་བ་དང་། མུ་མཐུད་སྤྱི་ཚོགས་ལ་དྲིན་ལན་འཇལ་བ། རང་འགུལ་ངང་སྤྱི་ཚོགས་ཀྱི་འགན་འཁྲི་དེ་བས་མང་བ་འཁུར་བ། མ་དངུལ་དེ་བས་མང་བ་འདོན་པ། དེ་བས་ལེགས་པའི་ཐོན་ཁུངས་དང་དེ་བས་ཕུལ་བྱུང་གི་ཤེས་ལྡན་པ་གྲོང་གསེབ་དར་རྒྱས་ནང་ཧུར་ཐག་ཞུགས་པ། སྔོན་ལ་ཕྱུག་པོ་ཆགས་མཁན་གྱིས་གཞན་ཕྱུག་པོ་ཆགས་རྒྱུར་རོགས་རམ་བཅས་བྱས་ནས་ཐུན་མོང་ཕྱུག་འགྱུར་ཡོང་བར་རམ་འདེགས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།