དབུ་ཤོག>ཆེད་སྒྲིག
  • གཞི་རིམ་མང་ཚོགས་ཀྱི་སྙིང་སྟོབས་འཕེལ་བར་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-03-10

    “རང་སྐྱོང་ལྗོངས་ཀྱིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་འཛུགས་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་སྐུལ་འདེད་བརྟན་པོ་བཏང་བ་དང་། རྫོང(ཆུས)22ལ་དུས་ཡུན་ལོ་གཅིག་གི་ཚོད་ལྟ་བྱས་པའི་རྨང་གཞིའི་ཐོག་ན་ནིང་ལོ་འགོར་ཚོད་ལྟའི་ཁྱབ་ཁོངས་དེ་ལྗོངས་ཡོངས་ཀྱི་རྫོང(ཆུས)74བར་ཆེ་རུ་བཏང་ཡོད། མིག་སྔར་རང་ལྗོངས་ཀྱིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་74དང་། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང་697 དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་5492བཅས་ཀྱི་སྒོ་བྱང་འགེལ་བའི་ལས་དོན་གྲུབ་ནས་རྫོང(ཆུས)དང་། ཤང(གྲོང་རྡལ) གྲོང་ཚོ(གྲོང་ལྷན)བཅས་རིམ་པ་གསུམ་ཚང་མར་ཁྱབ་ཐུབ་པ་བྱུང་ཡོད”ཅེས་རང་སྐྱོང་ལྗོངས་ཤེས་དཔལ་སྲོལ་གཏོད་གཞུང་ལས་ཁང་ཕྱོགས་བསྡུས་ཁྲུའི་ལས་བྱེད་པ་ཧོའུ་ཞའོ་ཏུང་གིས་གསུངས་པ་རེད།

    ཧོའུ་ཞའོ་ཏུང་གིས་གསར་འགོད་པར། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱི་གཙོ་གནད་ལས་འགན་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བྱེད་པ་དང་། ཏང་གི་སྲིད་ཇུས་སྒྲོག་འགྲེལ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ། རིག་གནས་ཀྱི་འཚོ་བ་ཕུན་སུམ་ཚོགས་སུ་དང་གྲ་རྒྱས་སུ་གཏོང་བ། གོམས་སྲོལ་བསྒྱུར་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་བ། ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་བ། བསམ་པའི་དཔལ་ཡོན་སྲོལ་གཏོད་ཟབ་ཏུ་གཏོང་བ་སོགས་རེད། ད་ལྟ་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་དེ་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ཁྱབ་སྤེལ་གཏོང་བའི་སྤྱི་དམངས་ཀྱི་ལས་སྟེགས་དང་། གཞི་རིམ་གྱི་བསམ་བློ་དང་ཆབ་སྲིད་ལས་དོན་ལ་ཤུགས་སྣོན་རྒྱག་པའི་སྲ་ཞིང་བརྟན་པའི་གཡུལ་ས། མང་ཚོགས་ཀྱི་བསམ་བློ་དང་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བའི་ཞབས་ཞུའི་ལྟེ་གནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དང་བླངས་ཞབས་ཞུ་སྤེལ་སའི་ཡངས་པའི་གར་སྟེགས་བཅས་ལ་གྱུར་ནས་མང་ཚོགས་ལ་དྲིལ་བསྒྲགས་བྱེད་པ་དང་། མང་ཚོགས་ལ་ཐུགས་ཁུར་བྱེད་པ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི“མཐའ་མའི་འགག་གནད”ཤར་གཏོང་ཐུབ་ཡོད་ཅེས་གསུངས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།