དབུ་ཤོག>ཆེད་སྒྲིག
  • ཆབ་མདོ་གྲོང་ཁྱེར་གྱི་ཐོན་ལས་འཛུགས་སྐྱོང་གི་ཕན་འབྲས་མངོན་གསལ་དོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-03-08

    2020ལོར་ཆབ་མདོ་གྲོང་ཁྱེར་གྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུཌ་དང་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་གྱི་འབབ་འཕར་ལ་སྐུལ་འདེད་ཧུར་ཐག་བཏང་བས། མིག་སྔའི་བར་རིམ་རྩིས་བྱས་ན་མཐོ་སློབ་སློབ་ཐོན་སློབ་མ་3508ལས་ཞུགས་ཐུབ་པ་དང་ལས་ཞུགས་ཐུབ་ཚད་95.17%ཟིན་ཡོད། རིམ་རྩིས་བྱས་ན་ཞིང་འབྲོག་པ21401ལ་རྩལ་ནུས་གསོ་སྦྱོང་བྱས་པ་དང་། གསོ་སྦྱོང་བརྒྱུད་ལས་ཞུགས་ཐུབ་ཚད་70.99%ཟིན་ཡོད། མཐོ་གསར་གྲངས་འཛིན་ཐོན་ལས་འཕེལ་རྒྱས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་དང་། རིག་ལྡན་འགྲིམ་འགྲུལ་འཛུགས་སྐྱོང་རྣམ་གྲངས་དང“རིག་ལྡན་ཆབ་མདོའི”སྤྲིན་རྩིས་གྲངས་གཞི་ཆེན་པོའི་ལྟེ་གནས་ཀྱི་ཨར་པོའི་རྣམ་གྲངས་སོགས་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་འབྲེལ། བཟོ་ལས་གྲངས་འཛིན་ཅན་སྒྱུར་བཀོད་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ་དང་། འཕྲིན་གཏོང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ། ངག་དབང་ལུག་དང་། བོད་ཕག དེ་བཞིན་འབྲི་གཡག་སོགས་གཙོ་གནད་ཐོན་ལས་རྒྱུན་མཐུད་འཕེལ་རྒྱས་བཏང་ཞིང་། བོད་ཀྱི་གསོ་བ་རིག་པའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། དེང་རབས་ཞབས་ཞུའི་ཐོན་ལས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བས། མིག་སྔའི་བར་གྲོང་ཁྱེར་ཡོངས་སུ་སྣེ་འདྲེན་ཁེ་ལས་23གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་1.37ཟིན་ནས་ཞིང་དུད་10010ལྷག་ཙམ་གྱི་འབབ་འཕར་ལ་སྐུལ་ཁྲིད་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།