དབུ་ཤོག>ཆེད་སྒྲིག
  • སློབ་མའི་ཕུགས་འདུན་མངོན་འགྱུར་ཡོང་བར་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-03-08

    2014ལོར་བོད་ལྗོངས་སློབ་ཆེན་ནས་ཐོན་པའི་བོད་རིགས་བུ་མོ་དབྱིན་ལིན་ཞ་ཡིས་སློབ་ཁྲིད་མི་སྐྱོང་གི་ཕུགས་འདུན་བཅངས་ནས་ལྷུན་གྲུབ་རྫོང་སུའུ་ཀྲོའུ་སློབ་ཆུང་དུ་དབྱིན་ཡིག་དགེ་རྒན་ཞིག་བྱས།

    ལོ་དྲུག་གི་སློབ་ཁྲིད་ལམ་བུའི་ཐོག་ཁོང་གིས་འཛིན་གྲྭའི་ཀྲུའུ་རེན་ཐེངས་ལྔ་བྱས་པ་དང་སློབ་ཐོན་འཛིན་གྲྭ་སྐབས་5སྐྱེལ་མྱོང་ཡོད། དེའི་རིང་དབྱིན་ཡིག་སློབ་ཁྲིད་བྱེད་པ་དང་ཆབས་ཅིག་ཁོང་གིས་ད་དུང་རྒྱ་ཡིག་དང་རོལ་དབྱངས་སོགས་ཀྱང་སློབ་ཁྲིད་བྱེད་ཀྱི་ཡོད།

    སློབ་ཁྲིད་བརྒྱུད་རིམ་ནང་ཁོང་གིས་སློབ་མ་ཚོར་དཔེ་དེབ་ནང་གི་ཤེས་བྱ་བརྒྱུད་སྤྲོད་བྱེད་པ་མ་ཟད། སློབ་མའི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་རྒྱུར་དེ་བས་སྣང་ཆེན་བྱེད་ཀྱི་ཡོད་པ་རེད། “ངས་འཛིན་གྲྭ་རྩིས་ལེན་ཐེངས་རེར་འཛིན་གྲྭའི་ཤེས་དཔལ་འཛུགས་གཏོད་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ཆེ་ས་ནས་མི་ཚེ་དང་ཕུགས་བསམ་གླེང་བ་དང་། ཆུང་ས་ནས་གོམས་གཤིས་དང་ཤེས་དཔལ་བརྗོད་དེ་སློབ་མ་ཚོར་གཙང་སྦྲ་དོད་པ་དང་། ཞི་མཐུན། སྤྲོ་སྣང་ལྡན་པ་བཅས་ཀྱི་འཛིན་གྲྭའི་ཁོར་ཡུག་ཅིག་ཧུར་ཐག་གཏོད་ཀྱི་ཡོད། ལོ་མང་རིང་ངས་སློབ་མའི་བྱེད་སྒོ་ཆེ་ཆུང་ཚང་མར་ཞུགས་ཀྱི་ཡོད། ཁ་ལ་ཉན་པོ་མེད་པའི་སློབ་མར་ཡང་ངང་རྒྱུད་རིང་པོས་སློབ་གསོ་རྒྱག་པ་ལས་གཤེ་གཤེ་གཏན་ནས་གཏོང་གི་མེད། སློབ་མར་སྦྱངས་འབྲས་ལེགས་པོ་ཐོན་པའམ་ཡང་ན་འགྲན་བསྡུར་ནང་རྒྱལ་ཁ་ཐོབ་རིམ་བཞིན་ངས་སློབ་མ་ཚོར་བྱ་དགའ་སྣ་ཚོགས་སྤྲོད་ཀྱི་ཡོད”ཅེས་དབྱིན་ལིན་ཞ་ཡིས་གསར་འགོད་པར་གསུངས།

    ཟླ་3ཚེས་5ཉིན་ཁོང་དང་སློབ་གྲྭའི་དགེ་རྒན་གཞན་དག་གིས་མཉམ་དུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་འགོ་ཚུགས་མཛད་སྒོ་གཟས་རྒྱས་ལ་བལྟས་པ་དང་། “སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གི་ཀྲུང་གོའི་འཕེལ་རྒྱས་ཀྱི་མྱུར་ཚད་མི་སེམས་འགུལ་བ་ཞིག་འདུག གཞི་རིམ་གྱི་དགེ་རྒན་ཞིག་ཡིན་པའི་ངས་མུ་མཐུད་འབད་བརྩོན་བྱས་ཏེ། སློབ་ཁྲིད་ཀྱི་སྤུས་ཚད་ལེགས་སུ་བཏང་ནས་དེ་བས་ཕུགས་བསམ་ལྡན་པ་དང་། ཤེས་ཡོན་ལྡན་པ། སྤྱོད་ཡོན་གཉིས་ལྡན་བཅས་ཀྱི་ཤུལ་འཛིན་པ་མང་པོ་གསོ་སྐྱོང་ཧུར་ཐག་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཛུགས་སྐྲུན་ནང་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་ཡིན”ཞེས་དབྱིན་ལིན་ཞ་ཡིས་གསུངས། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།