དབུ་ཤོག>ཆེད་སྒྲིག
  • མུ་མཐུད་དབུལ་སྐྱོར་བྱས་ནས་རོགས་སྐྱོར་བྱེད་མཚམས་འཕྲལ་དུ་འཇོག་མི་རུང་།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-03-08

    “དབུལ་སྒྲོལ་ཐུབ་པའི་ཉིན་ནས་ལོ་ལྔའི་བར་བརྒལ་དུས་སྐབས་བཀོད་སྒྲིག་བྱས་ཏེ། མུ་མཐུད་དབུལ་སྐྱོར་བྱས་ནས། བར་བརྒལ་དུས་སྐབས་སུ་ད་ཡོད་ཀྱི་རོགས་སྐྱོར་སྲིད་ཇུས་གཙོ་བོ་ཁག་སྤྱིའི་ཆ་ནས་བརྟན་པོ་ཡོང་བ་རྒྱུན་འཁྱོངས་བྱ་རྒྱུ་དེ་གྲངས་ཉུང་མི་རིགས་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུར་མཚོན་ན་དགོས་གལ་ཆེན་པོ་ལྡན་པ་ཞིག་རེད”མིག་སྔར་གྲངས་ཉུང་མི་རིགས་ས་ཁུལ་གྱི་མང་ཚོགས་ཚོའི་ཡོང་འབབ་ད་དུང་བརྟན་པོ་ཆགས་མེད་པའི་ཁར་ཐོན་ལས་འཕེལ་རྒྱས་ཀྱི་གཞི་ཁྱོན་ཅན་དང་། ཚད་གཞི་ཅན། སྤུས་རྟགས་ཅན་བཅས་ཀྱང་ཅུང་ཉམས་ཞན་ཡིན་པས། དབུལ་ཞྭ་ཕུད་ཀྱང་འགན་འཁྲི་འཁུར་མཚམས་མི་འཇོག་པ་དང་། སྲིད་ཇུས་ལག་བསྟར་བྱེད་མཚམས་མི་འཇོག་པ། རོགས་སྐྱོར་བྱེད་མཚམས་མི་འཇོག་པ། ལྟ་འདོམས་བྱེད་མཚམས་མི་འཇོག་པ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། རོགས་སྐྱོར་སྲིད་ཇུས་ལག་བསྟར་བྱེད་མཚམས་འཕྲལ་དུ་འཇོག་མི་རུང་ཞེས་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཧོན་ཅང་མའོ་ནན་རིགས་རང་སྐྱོང་རྫོང་གི་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྫོང་དཔོན། འཐུས་མི་བཅས་ཡིན་པའི་ཧོང་པིང་ཧྥུང་གིས་གསུངས་པ་རེད།

    ཧོང་པིང་ཧྥུང་གིས། དྲ་ཐོག་ནས་རྫོང་གིས་མི་སྤྱི་དང་། སྨན་བཅོས། འགན་བཅོལ་སོགས་སྡེ་ཚན་གྱི་གྲངས་གཞི་ཆེ་མོའི་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་དབུལ་སྒྲོལ་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པར་བྱས་པ་དང་། དྲ་ཕྱི་ནས་ས་གནས་དེ་གའི་ཤང་དང་གྲོང་རྡལ་གྱི་ལས་བྱེད་པའི་རོགས་སྐྱོར་ནུས་པ་མུ་མཐུད་འདོན་སྤེལ་ཡག་པོ་བྱས་ཏེ། དུད་ཚང་ལ་བསྐྱོད་རྒྱུར་ཤུགས་སྣོན་བརྒྱབ་ནས། གལ་སྲིད་དབུལ་པོ་བསྐྱར་ལོག་བྱེད་གྲབས་ཡོད་པ་ཤེས་ཚེ། འཕྲལ་དུ་དབུལ་པོ་བསྐྱར་ལོག་སྔོན་འགོག་ཐེབས་རྩ་དང་ཡང་ན་སྤྱི་ཕན་ལས་གནས་མཁོ་འདོན་བྱེད་པ་སོགས་བརྒྱུད་དེ་རོགས་སྐྱོར་བྱས་པ་ཡིན་ཞེས་ངོ་སྤྲོད་གནང་བ་རེད།

    གཞན་ཡང་། ཧོན་ཅང་རྫོང་གིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ཁུལ་དུ་རྗེས་མཐུད་རོགས་སྐྱོར་ཞབས་ཞུའི་ལམ་སྲོལ་འཚོལ་ཞིབ་ལག་བསྟར་བྱས་པ་དང་། ཏང་འཛུགས་སྐྱོང་མཉམ་འཛིན་དང་། ཐོན་ལས་མཉམ་སྐྱོར། ལས་ཞུགས་མཉམ་གཏོད། རིག་གནས་མཉམ་སྒྲུབ། ཞབས་ཞུ་མཉམ་འགུལ། རང་སྐྱོང་མཉམ་འཛུགས་བཅས་བྱས་ནས་གནས་སྤོས་མང་ཚོགས་བདེ་སྡོད་ལས་བརྩོན་ཐུབ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་ཁྲིད་བྱས་པ་རེད།

    ཧོང་པིང་ཧྥུང་གིས། གྲངས་ཉུང་མི་རིགས་ས་ཁུལ་ལ་ཤེས་ལྡན་པ་ནང་འདྲེན་བྱེད་ཤུགས་དང་ས་གནས་དེ་གའི་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་ཆབས་ཅིག རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་སྔར་བས་མང་བ་མཁོ་འདོན་བྱ་རྒྱུའི་གྲོས་འགོ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།