དབུ་ཤོག>ཆེད་སྒྲིག
  • ​འཐུས་མི་དང་ཨུ་ཡོན་ཚོས་གྲུབ་འབྲས་དང་། མྱོང་ཚོར། འབད་འཐབ་བཅས་ཀྱི་སྐོར་གླེང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-03-07

    ལོ་རེའི་དཔྱིད་ཀ་ཤར་བ་དང་ཆབས་ཅིག་འཆར་ཅན་གྱི་ལོ་རེའི་ཚོགས་འདུ་གཉིས་ཡང་ཚོགས་འགོ་ཚུགས།

    འདས་ཟིན་པའི་2020ལོར་ཕྱིར་མིག་ལྟ་སྐབས་ཧང་སངས་དགོས་པའི་འགྱུར་ལྡོག་བྱུང་ཡོད་ལ་སྤོབས་སེམས་ཆེན་པོས་འབད་འབུངས་མདུན་སྐྱོད་ཀྱང་བྱས་ཡོད།

    ཛ་དྲག་རྙོག་འཛིང་ཆེ་བའི་རྒྱལ་སྤྱི་རྒྱལ་ནང་གི་དུས་བབ་མདུན་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་ཀུན་སེམས་གཅིག་སྒྲིལ་དང་དཀའ་ངལ་ལ་མི་འཛེམ་པར་མདུན་སྐྱོད་བྱས་ཏེ་རིམས་ནད་ལས་རྣམ་པར་རྒྱལ་བ་དང་། ཆུ་ལོག་དང་ཞོད་སྐྱོན་འགོག་པ། སྒྱུར་བཅོས་ལ་སྐུལ་མ་གཏོང་བ། སྒོ་དབྱེར་སྐུལ་འདེད་གཏོང་བ། དབུལ་སྒྲོལ་དམ་འཛིན། དམངས་འཚོར་ཕན་འདོགས་པ། འཕར་རྒྱུ་འགན་ལེན། སྤྱི་ཡོངས་བརྟན་ལྷིང་ཡོང་བ་བཅས་བྱས་ནས་། འཛམ་གླིང་ཐོག་རིམས་ནད་སྔོན་ལ་ཚོད་འཛིན་ཐུབ་པ་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་དངོས་ཚན་གཙོ་བོའི་ཁྲོད་སྔོན་ལ་དཔལ་འབྱོར་དངོས་སུ་འཕར་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་རླབས་པོ་ཆེ་ཐོབ་པ། དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་དུས་བཀག་ལྟར་ལེགས་གྲུབ་བྱུང་བ། ཚན་རྩལ་གསར་གཏོད་གལ་ཆེན་ལ་གྲུབ་འབྲས་ཐོབ་པའི་རྒྱལ་ཁའི་གཏམ་བཟང་བསྟུད་མར་གྲགས་པ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བ། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་བདེ་བླག་ངང་མཇུག་བསྡུས་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁས་ལེན་རྒྱ་ཁྱབ་ཐོབ་པ་བཅས་བྱུང་ནས་བྱ་གཞག་ཁག་ལ་གྲུབ་འབྲས་གལ་ཆེན་གསར་པ་ཐོབ་ཡོད།

    རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་འཐུས་མི་དང་ཨུ་ཡོན་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་ཕྱར་བ་གྲུ་འདེགས་དང་། གསར་འབྱེད་ཡར་བརྩོན། དཀའ་ཉེན་ལ་མི་སྐྲག་པ། ཞུམ་མེད་མདུན་སྐྱོད་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་སྐྱོད་བྱས་ཏེ། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུ་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་གསུངས་པ་རེད།

    གོ་ལ་ཧྲིལ་པོར་དཔལ་འབྱོར་དངོས་སུ་འཕར་བའི་དཔལ་འབྱོར་དངོས་ཚན་གཙོ་བོ་འབའ་ཞིག་ལ་གྱུར་པ།

    ཏུང་ཀོན་གྲོང་ཨུད་ཀྱི་ཧྲུའུ་ཅི་འཐུས་མི་ལེང་ཝུའེ་ཏུང་གིས་ཏུང་ཀོན་འདི་ཉིད་རྒྱལ་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕན་ཚུན་བརྟེན་ཚད་མཐོ་ཤོས་ཀྱི་གྲོང་ཁྱེར་ཞིག་ཡིན་པའི་ངོས་ནས་ཏོག་གསར་གློ་ཚད་རིམས་ནད་ཀྱི་རྡབ་རྡེག་དང་རྒྱལ་ཁབ་ཁག་གཅིག་གི་ཚོང་དོན་སྲུང་སྐྱོང་རིང་ལུགས་ཀྱི“མཐར་སོན་གནོན་ཤུགས་སྤྲོད་པར”ཁ་གཏད་བཅག་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དཀའ་ཉེན་ལས་སྒྲོལ་རྒྱུ་མངོན་འགྱུར་བྱུང་བའི་འགག་རྩ་ནི་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་སྒོ་དབྱེའི་འགྲོ་ལམ་ཐོག་བསྐྱོད་པས་རེད་ཅེས་གསུངས།

    “ཀྲུང་གོས་རིག་ནུས་དཔལ་འབྱོར་གྱི་འཕེལ་རྒྱས་གོ་སྐབས་དམ་འཛིན་ནན་པོ་བྱས་ནས་གྲངས་འཛིན་ཅན་དང་རིག་ནུས་ཅན་གྱི་བཀོལ་སྤྱོད་ཚ་རླབས་ཁྲོད་མི་སེམས་ལ་སྐུལ་མ་ཐེབས་ཐུབ་པའི་གྲུབ་འབྲས་ཐོབ་ཡོད”ཅེས་འབེལ་འདུའི་ཏུང་ཧྲི་ཀྲང་དབུ་བཞུགས་ལག་བསྟར་དཔོན་གཅིག་ལྕོགས་ཨུ་ཡོན་ལི་ཡན་ཧུང་གིས་གསུངས་པ་དང་། ཁོང་གིས་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཞིབ་སྤེལ་བྱེད་པའི་ཐད་མི་ཐབས་རིག་ནུས་ཀྱིས་ནད་དུག་གི་གཞི་རྒྱུའི་སྡེབ་སྒྲིག་གི་རིམ་པ་གཉིས་པའི་གྲུབ་ཆའི་སྔོན་དཔག་དུས་ཚོད་དེ་སྐར་མ་55ནས་སྐར་ཆ་27བར་ཐུང་དུ་བཏང་བ་དང་མྱུར་ཚད་ལྡབ་120འཕར་ཡོད། དེ་དང་ཆབས་ཅིག་རིག་ནུས་ས་བཀྲའི་བཀོལ་སྤྱོད་ལས་མིག་སྔའི་གནས་སའི་རིམས་ནད་ཀྱི་ཟུར་ཚད་མང་པོའི་དུས་ཚོད་དངོས་ཀྱི་ཆ་འཕྲིན་འགུལ་རྣམ་མངོན་ནས་འཐབ་ས་དང་པོའི་རིམས་ནད་འགོག་རྒོལ་གྱི་ལས་དོན་ལ་རྒྱབ་སྐྱོར་ནུས་ལྡན་ཐུབ་ཡོད་ཅེས་གསུངས་པ་རེད།

    ད་ལྟ་ལག་ལེན་བསྟར་བཞིན་པའི་ཚད་གཞིའི་འོག་གི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཚང་མ་དབུལ་སྒྲོལ་བྱུང་བ།

    རྫོང་དབུལ་པོ་832ཚང་མའི་དབུལ་ཞྭ་ཕུད་པ་དང་། ད་ལྟ་ལག་ལེན་བསྟར་བཞིན་པའི་ཚད་གཞིའི་འོག་གི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་ནས་དབུལ་པོ་དབུལ་རྐྱང་གི་སྣང་ཚུལ་ལོ་རྒྱུས་རང་བཞིན་གྱི་ཐོག་ནས་མེད་པར་གྱུར་བ་དང་། ཁག་དང་པོའི་དབུལ་སྒྲོལ་འགག་སྒྲོལ་གྱི་ཡོངས་ཁྱབ་ཞིབ་བཤེར་བྱས་འབྲས་ལས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཁྲི་1385ཚང་མ“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”མངོན་འགྱུར་བྱུང་བ་མངོན་པ་སོགས་2020ལོར་དབུལ་སྒྲོལ་འགག་སྒྲོལ་ལ་བཀྲག་མདངས་འཚེར་བའི“ཀྲུང་གོའི་རྒྱུགས་ལན”ཞིག་ཕུལ་ཡོད།

    དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་དང་དམངས་འཚོའི་འགན་ལེན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ།

    “རིམས་ནད་ཀྱི་རྡབ་རྡེག་མདུན་དུ་རང་རྒྱལ་གྱི་གཞི་རྩའི་དམངས་འཚོའི་འགན་ལེན་བྱེད་ནུས་མི་ཆག་པར་ལས་ཞུགས་སྔོན་ལ་འཇོག་པའི་འཐབ་ཇུས་མུ་མཐུད་ལག་ལེན་བསྟར་ནས་དཔལ་འབྱོར་འཕེལ་མེད་རང་སོར་ལུས་པ་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་འཁྲུག་པའི་ཉེན་ཁ་ལས་བདེ་བླག་ངང་གཡོལ་ཐུབ་པ་བྱུང་ཡོད”ཅེས་ཧུའུ་ནན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་ནན་ཞིང་ཆེན་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཨུ་ཡོན་ཀྲང་ཅན་གྱིས་གསུངས་པ་དང་། ཁོང་གིས་དེ་བས་གླེང་རིན་ཡོད་པ་ཞིག་ནི་རང་རྒྱལ་གྱི་དམངས་གཉེར་ཁེ་ལས་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་80%ཡན་གྱི་ལས་ཞུགས་ལ་ལེགས་སྐྱེས་ཕུལ་བའི་ནང་ཁེ་ལས་འབྲིང་གྲས་དང་ཕྲན་ཚེགས་ཁེ་ལས་ཀྱིས་གྲངས་འབོར་མང་ཆེ་བ་བཟུང་ཡོད་ཅེས་གསུངས་པ་མ་ཟད། ཁོང་གིས་ཐབས་མང་མཉམ་སྤྱོད་མུ་མཐུད་བྱས་ཏེ་ཁེ་ལས་འབྲིང་གྲས་དང་ཕྲན་ཚེགས་ཁེ་ལས་དཀའ་ངལ་ལས་སྒྲོལ་བ་དང་འཕེལ་རྒྱས་བརྟན་པོ་ཡོང་བར་རོགས་རམ་བྱེད་དགོས་པའི་གྲོས་འགོ་ཡང་བཏོན་གནང་བ་རེད།

    “བརྟན་པོ་དྲུག་དང་འགན་ལེན་དྲུག”ཐད། ཏང་ཨུད་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གིས་ཁ་ཡོད་ལག་ཡོད་དང་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོབ་རྒྱུར་འབད་བརྩོན་བྱས་ཡོད། ཨུ་ཡོན་ཀྲང་ཅན་གྱིས་ཧུའུ་ནན་ཞིང་ཆེན་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་འཕེལ་སྒྱུར་ཨུ་ལྷན་དང་སྤྱི་བདེ་ཐིང་སོགས་སྡེ་ཚན་ལ་བསྐྱོད་ནས“དམངས་གཉེར་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི‘བརྟན་པོ་དྲུག’དང‘འགན་ལེན་དྲུག’”གི་བཅར་འདྲིའི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་ཏེ་སྤྱི་བདེ་དང་། ཞིབ་དཔྱོད། ཁྲིམས་ཁང་། ཁྲིམས་འཛིན་སོགས་སྡེ་ཚན་དང་འབྲེལ་གཏུག་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་དམངས་གཉེར་ཁེ་ལས་དཀའ་ཉེན་ལས་སྒྲོལ་རྒྱུར་མཉམ་དུ་རོགས་རམ་བྱེད་པའི་ལས་ཀའི་མཉམ་ཤུགས་ཤིག་ཆགས་རྒྱུར་སྐུལ་འདེད་བཏང་ཡོད།

    ཚན་རྩལ་འཕེལ་རྒྱས་ལ་སླར་ཡང་དཔྱིད་དཔལ་བཞད།

    “ཚན་རྩལ་འཕེལ་རྒྱས་ལ་སླར་ཡང་དཔྱིད་དཔལ་བཞད་ཡོད”ཅེས་ཀྲུང་གོ་ཚན་རིག་ཁང་རྒྱལ་ཁབ་གནམ་དཔྱད་ལས་ཁུངས་ནན་ཅིང་གནམ་དཔྱད་འོད་རིག་པའི་ལག་རྩལ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཨུ་ཡོན་ཚུའེ་ཤང་ཆུན་གྱིས་སྤོབས་པ་དང་ཡིད་ཆེས་ཀྱིས་ཁེངས་བཞིན་དེ་ལྟར་གསུངས།

    ཨུ་ཡོན་ཚུའེ་ཤང་ཆུན་གྱིས“འགག་རྩའི”ལག་རྩལ་འགག་སྒྲོལ་བྱེད་པར་ཚན་རྩལ་གསར་གཏོད་དང་ཁ་འབྲལ་ཐབས་མེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་ཚན་རྩལ་གསར་གཏོད་དང་ཁ་འབྲལ་ཐབས་མེད་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་བསྐྲུན་རྒྱུར་ཡང་ཚན་རྩལ་གསར་གཏོད་དང་ཁ་འབྲལ་ཐབས་མེད། ལོ་བརྒྱར་འཕྲད་མ་མྱོང་བའི་དུས་བབ་ཀྱི་རྒྱབ་ལྗོངས་འོག“གནམ་ལ་འཕུར་བ་དང་ས་ལ་འཛུལ་བ”ནས“རྩེ་མོར་འཛེག་པ་དང་མཚོ་གཏིང་ལ་འཛུལ་བའི”བར་རང་རྒྱལ་གྱི་ཚན་རྩལ་འཕེལ་རྒྱས་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་རྐྱང་ཞིག་འཕྲད་ཡོད་ཅེས་གསུངས་པ་རེད། ཁོང་གིས“ཏང་དང་སྲིད་གཞུང་གིས་མཐོང་ཆེན་པོ་གནང་བ་དང་། ཤེས་ལྡན་པ་དང་། ལག་རྩལ། མ་དངུལ་བཅས་ཐད་ནས་རྒྱབ་སྐྱོར་ཆེན་པོ་གནང་བར་བརྟེན་རང་རྒྱལ་གྱི་ཚན་རྩལ་རང་བརྟེན་གསར་གཏོད་ཀྱི་མཐོ་ས་སླར་ཡང་གཏོད་ཐུབ་ངེས་རེད”ཅེས་གསུངས་པ་རེད།

    ཀྲུང་ཧྭ་མི་རིགས་ཀྱི་སེམས་པ་ཕྱོགས་ཤུགས་དང་གོང་བུ་འགྲིལ་ཤུགས་སྔར་བས་ཆེ་རུ་ཕྱིན་པ།

    “རིམས་ནད་ལ་འགོག་རྒོལ་བྱེད་པའི་བརྒྱུད་རིམ་ཁྲོད། རང་ཉིད་ལ་རྒྱལ་ཡོངས་མི་དམངས་ཀྱི་མཐུན་སྒྲིལ་མཛའ་གཅུགས་དང་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་ཟབ་མོ་ཚོར་བྱུང་། དམག་འཐབ་དེ་བརྒྱུད་ཀྲུང་ཧྭ་མི་རིགས་ཀྱི་གདེང་ཚོད་དང་སྤོབས་སེམས་ཆེ་རུ་དང་སེམས་པ་ཕྱོགས་ཤུགས་དང་གོང་བུ་འགྲིལ་ཤུགས་སྔར་བས་ཆེ་རུ་འགྲོ་རྒྱུ་ཡིན་པ་ངར་ཡིད་ཆེས་ཡོད”ཅེས་ཧུའུ་པེ་ཞིང་ཆེན་ཧྲི་ཡན་གྲོང་ཁྱེར་ཐེ་ཧོ་སྨན་ཁང་གི་ཏང་ཨུད་ཧྲུའུ་ཅི་དང་། ཡོན་ཀྲང་། འཐུས་མི་བཅས་ཡིན་པའི་ལུའོ་ཅེ་ཡིས་གསུངས།

    མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ། འཐུས་མི་ལུའོ་ཅེ་ཡིས་ན་ནིང་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་རྗེས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་ལ་སྤྱི་འདོམས་གནང་བ་དང་ཐུགས་ཐག་ཆོད་པོས་ཐབས་ཇུས་བཏོན་གནང་བ་མ་ཟད། རྒྱལ་ཡོངས་ས་གནས་ཁག་གིས་ཧུའུ་ནན་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་གཅིག་མཇུག་གཉིས་མཐུད་ངང་སྒྲིག་འཛུགས་དང་དེ་བཞིན་རིམས་འགོག་དང་འཚོ་བའི་དངོས་ཟོག་འབོར་ཆེན་ཞལ་འདེབས་བརྒྱབ་ནས“ཝུའུ་ཧན་སྲུང་སྐྱོང་དམག་འཐབ”དང“ཧུའུ་པེའི་སྲུང་སྐྱོང་དམག་འཐབ”ལ་རྒྱལ་ཁ་ཐོབ་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། ཝུའུ་ཧན་སྲུང་སྐྱོང་དམག་འཐབ་ཁྲོད་ཧུའུ་པེ་ཞིང་ཆེན་གྱིས་ལོ་80ཡན་གྱི་ཏོག་གསར་གློ་ཚད་ཕོག་པའི་ནད་པ་3600ལྷག་ལ་སྨན་བཅོས་བྱས་ནས་དྲག་སྐྱེད་བྱུང་ཡོད། ཧྲི་ཡན་གྲོང་ཁྱེར་ཐེ་ཧོ་སྨན་ཁང་གིས་སྨན་བཅོས་བྱས་ནས་དྲག་སྐྱེད་བྱུང་བའི་ལོ་87ལ་སླེབས་པའི་ཏོག་གསར་གློ་ཚད་ཕོག་པའི་ནད་པ་རུས་མིང་ལ་ཆུས་ཟེར་བ་ཞིག་གིས“ཏང་དང་རྒྱལ་ཁབ་ཀྱིས་འགྲོ་གྲོན་ལ་མ་འཛེམས་པར་

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།