དབུ་ཤོག>ཆེད་སྒྲིག
  • ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚུན་དུ་ཡིག་ཚགས་དང་གཱ་བཟོས་པའི་སློབ་མ་དབུལ་པོ་ཁྲི་514ལ་མཐོ་རིམ་སློབ་གསོ་ཐོབ་པའི་གོ་སྐབས་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ​མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཀྲའོ་ཨ་ནཱ་དང་ཝུའུ་གཡོད།   |     སྤེལ་དུས།  2021-03-07

    སློབ་གསོ་ནི་དབུལ་པོ་བུ་རབས་ཚ་རྒྱུད་འགོག་པའི་རྩ་བཅོས་ཀྱི་ཇུས་གཞི་ཡིན་པ་དང་། མཐོ་རིམ་སློབ་གསོ་ནི་སློབ་གསོའི་དབུལ་སྒྲོལ་འགག་སྒྲོལ་གྱི་ལྷུ་ཚིགས་གལ་ཆེན་ཞིག་དང་དབུལ་པོ་བུ་རབས་ཚ་རྒྱུད་འགོག་པའི་འགག་རྩའི་བྱེད་ཐབས་ཤིག་རེད། གསར་འགོད་པས་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚུན་དུ། རིམ་རྩིས་བརྒྱབ་ན་ཡིག་ཚགས་དང་གཱ་བཟོས་པའི་སློབ་མ་དབུལ་པོ་ཁྲི་514.05ལ་མཐོ་རིམ་སློབ་གསོ་ཐོབ་པའི་གོ་སྐབས་བྱུང་ནས་ལོ་རེ་བཞིན་འཕར་བའི་རྣམ་པ་མངོན་པ་དང་། ཁྱིམ་ཚང་དབུལ་པོ་ཁྲི་སྟོང་མང་པོ་ནས་སློབ་གྲྭ་ཆེ་མོ་བ་ཐོན་ཡོད།

    མཐོ་རིམ་སློབ་གསོས་སློབ་མ་དབུལ་པོ་གཞུང་ཕྱོགས་ནས་འཁོར་རྒྱུག་བྱེད་པའི་ཐབས་ལམ་རྒྱ་ཆེར་གཏོང་རོགས་ཐུབ་པ་དང་། རོགས་སྐྱོར་སྲིད་ཇུས་རབ་དང་རིམ་པས་ས་ཁུལ་དབུལ་པོའི་སློབ་མར་སྔར་བས་དྲང་གཞག་གི་སློབ་གསོ་ཐོབ་པའི་གོ་སྐབས་དང་ལས་ཞུགས་ཀྱི་གོ་སྐབས་བཏོད་ཡོད། 

    —— ཐབས་ལམ་རྒྱུན་ཆད་མེད་པར་ཤར་གཏོང་བྱས་ནས་ས་ཁུལ་དབུལ་པོའི་སློབ་མར་མཐོ་རིམ་སློབ་གསོའི་ཐོན་ཁུངས་སྤུས་ལེགས་སྤྱོད་པའི་གོ་སྐབས་མང་དུ་བཏང་བ།

    “སྲིད་ཇུས་བཟང་པོའི་བཀའ་དྲིན་ལས་རང་ཉིད་པེ་ཅིང་དུ་སློབ་ཆེན་འགྲིམ་ཐུབ་བྱུང”ཞེ་ཧྥེ་ནི་ཉིང་ཞ་ཀུའུ་ཡོན་གྲོང་ཁྱེར་ཞི་ཅི་རྫོང་ནས་སླེབས་པའི་སློབ་མ་དབུལ་པོ་ཞིག་རེད། རྒྱལ་ཁབ་ཀྱིས་ལག་བསྟར་བྱས་པའི་གཙོ་གནད་མཐོ་སློབ་ཀྱིས་གྲོང་གསེབ་དང་ས་ཁུལ་དབུལ་པོའི་སློབ་མ་བསྡུ་བའི་ཆེད་དོན་འཆར་གཞི་ལས་ཕན་པ་འཐོབ་མཁན་གྱི་གྲས་ཤིག་རེད། 2018ལོར་ཁོང་ཀྲུང་གོ་ཞིང་ལས་སློབ་ཆེན་དུ་ཚུད་ནས་ཁྱིམ་ཚང་དེའི་སློབ་གྲྭ་ཆེ་མོ་བ་དང་པོར་གྱུར་ཡོད།

    ཞེ་ཧྥེ་དང་འདྲ་བར་སློབ་བསྡུའི་སྲིད་ཇུས་ཀྱི་ཕན་པ་འཐོབ་མཁན་ད་དུང་སློབ་མ་ཧ་ཅང་མང་པོ་ཡོད། ཉེ་བའི་ལོ་ཤས་རིང་། གྲོང་གསེབ་དང་ས་ཁུལ་དབུལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས། རང་རྒྱལ་གྱིས་གཙོ་གནད་མཐོ་སློབ་ཀྱིས་གྲོང་གསེབ་དང་ས་ཁུལ་དབུལ་པོའི་སློབ་མ་བསྡུ་བའི་ཆེད་དོན་འཆར་གཞི་མུ་མཐུད་ལག་བསྟར་གྱིས་སྲིད་ཇུས་དང་བྱེད་ཐབས་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ་དང་འཐུས་སྒོ་ཚང་དུ་བཏང་ནས་གྲོང་གསེབ་དང་ས་ཁུལ་དབུལ་པོའི་སློབ་མ་གཙོ་གནད་མཐོ་སློབ་འགྲིམ་ཐུབ་པའི་འགན་ལེན་བྱེད་པའི་ཕུགས་ཕན་ལམ་སྲོལ་བཙུགས་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། ཆེད་དོན་འཆར་གཞིའི་སློབ་བསྡུའི་མི་གྲངས་ནི་2012ལོའི་མི་ཁྲི་1ནས་2020ལོའི་མི་ཁྲི་11.7བར་མང་དུ་ཕྱིན་པ་དང་། རིམ་རྩིས་བརྒྱབ་ན། སློབ་མ་ཁྲི་70ཆེད་དོན་འཆར་གཞི་བརྒྱུད་ས་ཁུལ་དབུལ་པོ་ནས་ཐོན་ཏེ་གཙོ་གནད་སློབ་ཆེན་འགྲིམ་པར་བསྐྱོད་ཡོད།

    “སློབ་གྲྭ་འགྲིམ་རྒྱུ་ཡོད་པ”ནས“སློབ་གྲྭ་ཡག་པོ་འགྲིམ་རྒྱུ་ཡོད་པའི”བར་གྱི་ཆེད་དོན་འཆར་གཞིས་ས་ཁུལ་དབུལ་པོའི་སློབ་མར་མཐོ་རིམ་སློབ་གསོའི་ཐོན་ཁུངས་སྤུས་ལེགས་སྤྱོད་པའི་གོ་སྐབས་མང་དུ་བཏང་བ་དང་། སློབ་མའི་སློབ་སྦྱོང་གི་ངར་ཤུགས་ནུས་ལྡན་འཕེལ་བར་བྱས་པ། རྫོང་དབུལ་པོ་ཁག་གཅིག་ལ་རོགས་རམ་བྱས་ཏེ་གཙོ་གནད་མཐོ་སློབ་ཀྱི་སློབ་བསྡུའི་མི་གྲངས‘མེད་པ’ལ་ཚད་བརྒལ་བྱུང་ཡོད”ཅེས་སློབ་གསོ་པུའི་འབྲེལ་ཡོད་འགན་འཁུར་བས་བརྗོད།

    —— མཐོ་རིམ་ལས་རིགས་སློབ་གྲྭར་སློབ་མ་བསྡུ་རྒྱ་ཆེ་རུ་བཏང་བས། “མི་གཅིག་ལ་ལས་རིགས་སློབ་གསོ་ཐོབ་པ་དང་། མི་གཅིག་ལས་ཞུགས་ཐུབ་པ། ཁྱིམ་ཚང་གཅིག་དབུལ་སྒྲོལ་ཐུབ་པ”བཅས་བྱུང་ཡོད།

    “མཐོ་རིམ་ལས་རིགས་སློབ་གླིང་གི་སློབ་བསྡུའི་བརྡ་ཐོ་འབྱོར་བས་ང་ལ་ཁྱིམ་ཚང་གི་ལས་དབང་ལ་འགྱུར་ལྡོག་གཏོང་ཐུབ་རྒྱུའི་རེ་བ་ཞིག་མཐོང་བྱུང” སི་ཁྲོན་པཱ་ཀྲུང་གི་ཧོ་མོང་ཀྲང་ནི་ཁྱིམ་ཚང་དབུལ་པོ་ནས་ཡིན་པ་དང་། ཁོང་གི་ཕ་ངལ་ནུས་ཤོར་བས་ཁྱིམ་ཚང་དེ་ཨ་མའི་ཟླ་རེའི་གླ་ཆ་སྒོར་2000གིས་འཚོ་བ་འཁྱོལ་ཐབས་བྱེད་དགོས་ཀྱི་ཡོད། མཐོ་རྒྱུགས་བཏང་རྗེས་ཧོ་མོང་ཀྲང་སི་ཁྲོན་ཁྲང་ཅང་ལས་རིགས་ལག་རྩལ་སློབ་གླིང་དུ་ཚུད་ཅིང་། སློབ་གྲྭ་དང་ཁེ་ལས་མཉམ་ལས་ཀྱི་གནས་གཏན་འཁེལ་གྱི་འཛིན་གྲྭར་ཞུགས་ནས་མཉེན་ཆས་ལག་རྩལ་སློབ་སྦྱོང་བྱས། ད་ཆ་ཁོང་བདེ་བླག་ངང་ལས་ཞུགས་ཐུབ་སྟེ་མི་རིང་བར་ད་དུང་གཟེངས་སུ་ཐོན་པའི་ལས་ཀའི་གྲུབ་འབྲས་ལ་བརྟེན་ནས་རྣམ་གྲངས་ཀྱི་ཙུའུ་ཀྲང་ལ་རིམ་པ་སྤོར་རྒྱུ་རེད།

    མཐོ་རིམ་ལས་རིགས་སློབ་གྲྭའི་སློབ་མ་བསྡུ་རྒྱ་ཆེ་རུ་བཏང་བའི་སྲིད་ཇུས་ལས་ཧོ་མོང་ཀྲང་དང་འདྲ་བའི་སློབ་མ་མང་པོར་སློབ་གྲྭ་ཆེ་མོ་འགྲིམ་པའི་གོ་སྐབས་རག 2019ལོར་རང་རྒྱལ་གྱི་མཐོ་རིམ་ལས་རིགས་སློབ་གྲྭས་སློབ་མ་ཁྲི་116.45བསྡུ་རྒྱ་ཆེ་རུ་བཏང་བ་དང་། 2020ལོར་སློབ་མ་ཁྲི་157.44བསྡུ་རྒྱ་ཆེ་རུ་བཏང་ནས་ས་ཁུལ་དབུལ་པོར་གཟིགས་སྐྱོང་དང་རོགས་སྐྱོར་བྱས་ཏེ་སློབ་མ་དབུལ་པོ་སྔར་བས་མང་བར་ལས་རིགས་སློབ་གསོ་མྱོང་བར་རོགས་རམ་བྱས་པས། “མི་གཅིག་ལ་ལས་རིགས་སློབ་གསོ་ཐོབ་པ་དང་། མི་གཅིག་ལས་ཞུགས་ཐུབ་པ། ཁྱིམ་ཚང་གཅིག་དབུལ་སྒྲོལ་ཐུབ་པ”བཅས་བྱུང་ཡོད།

    “ལོ་ལྔའི་དུས་ཚོད་བརྩོན་ལེན་བྱས་ནས་སློབ་རྒྱུས་ལས་རིགས་སློབ་གསོ་མྱོང་མཁན་གྱི་བྱང་ཚད་མཐོ་བའི་ཞིང་པ་ཁྲི་100གསོ་སྐྱོང་བྱས་པ། བྱང་ཚད་མཐོ་བའི་ཞིང་པ་སྔར་བས་མང་བར་མཐོ་རིམ་སློབ་གསོ་མྱོང་ཐུབ་པར་བྱས་ནས། ‘ཡུན་རིང་སྤུས་རྟགས’ཀྱི་གྲོང་གསེབ་དར་རྒྱས་ཀྱི་སྣེ་ཁྲིད་པའི་དཔུང་ཁག་ཅིག་བཏོད་ཡོད”ཅེས་སློབ་གསོ་པུའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས།

    —— རོགས་དངུལ་སྤྲོད་པའི་རོགས་སྐྱོར་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ས་ཁུལ་དབུལ་པོའི་སློབ་མར་མཐོ་རིམ་སློབ་གསོ་ཐོབ་ཆེད་ཐ་སྐྱོང་འགན་ལེན་དྲ་བ་དམ་དུ་བཏང་ཡོད།

    “ཁྱིམ་གྱི་ཕྲུ་གུ་གསུམ་པོ་སློབ་གྲྭ་ཆེ་མོ་འགྲིམ་བཞིན་ཡོད། དེ་ནི་སྔོན་ཆད་བསམས་ཀྱང་བསམ་མི་ཕོད་པ་ཞིག་རེད”སི་ཁྲོན་མུ་ལི་བོད་རིགས་རང་སྐྱོང་རྫོང་ལི་ཙི་ཕིང་ཤང་ཧོང་ཉི་པཱ་གྲོང་ཚོའི་མའོ་ལར་གྱིས་བརྗོད། དེ་དག་ཚང་མ་ནི་རྒྱལ་ཁབ་ཀྱི་སློབ་གསོའི་རོགས་སྐྱོར་སྲིད་ཇུས་ཀྱི་བཀའ་དྲིན་རེད། མའོ་ལར་ཁྱིམ་གྱི་ནང་མི་དྲུག་པོའི་ཁྱིམ་ཚང་གི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་ཞིང་ལས་ཡོང་འབབ་རེད།

    ཐོག་མར་བཟའ་ཚོས་ཕྲུ་གུ་གསུམ་གྱི་སློབ་གྲྭ་ཆེ་མོའི་སློབ་ཡོན་དང་འཚོ་བའི་འགྲོ་གྲོན་ལ་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད། “སློབ་མ་ཡོང་ཁུངས་ཀྱི་སློབ་སྐྱོར་དངུལ་བུན་གྱིས་ཕྲུ་གུ་ཚོའི་སློབ་ཡོན་གྱི་གནད་དོན་ཐག་གཅོད་བྱས་པ་དང་། ཕྲུ་གུ་ཚོས་སློབ་སྐྱོར་དངུལ་བུན་རེ་ཞུ་བྱས་ནས་བདེ་བླག་ངང་སློབ་ཞུགས་ཐུབ་ཡོད”ཅེས་མའོ་ལར་གྱིས་བརྗོད། སློབ་གྲྭ་ཆེ་མོ་འགྲིམས་རྗེས་ཕྲུ་གུ་ཚོས་ད་དུང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་སློབ་མའི་འཚོ་བའི་འགྲོ་གྲོན་དང་དེ་བཞིན་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་སློབ་མ་དང་ལྷག་པར་དུ་རོགས་དངུལ་སྤྲོད་པ་དང་སློབ་གསོའི་དབུལ་སྐྱོར་གྱི་རོགས་སྐྱོར་ཐེབས་རྩ་རེ་ཞུ་བྱས་པ་དང་ཆབས་ཅིག རྒྱལ་ཁབ་ཀྱི་སློབ་སྐྱོར་མ་དངུལ་ལོངས་སུ་སྤྱད་ནས་སློབ་གྲྭར་འགྲོ་མུས་ཀྱི་འཚོ་བའི་འགྲོ་གྲོན་ཁག་གཅིག་ཐག་གཅོད་ཐུབ་པ་མ་ཟད། ཁྱིམ་ཚང་གི་དཔལ་འབྱོར་གནོན་ཤུགས་ཀྱང་ཆུང་དུ་ཕྱིན་ཡོད།

    མིག་སྔར་རང་རྒྱལ་གྱི་མཐོ་རིམ་སློབ་གསོའི་དུས་མཚམས་སུ་རྒྱལ་ཁབ་ཀྱི་བྱ་དགའི་སློབ་སྐྱོར་མ་དངུལ་དང་། སློབ་སྐྱོར་དངུལ་བུན། སློབ་མ་གསར་པ་སློབ་གྲྭར་ཞུགས་སྐབས་རོགས་དངུལ་སྤྲོད་པ། ཞིབ་འཇུག་སློབ་མའི“རོགས་སྐྱོར་གསུམ”གྱི་ལས་གནས་ཀྱི་ཁ་གསབ་དངུལ་དང་། སློབ་ཞོར་ལས་ཀ་བྱས་ནས་སློབ་སྐྱོར་རོགས་དངུལ། སློབ་གྲྭའི་ནང་ཁུལ་གྱི་བྱ་དགའི་སློབ་སྐྱོར་རོགས་དངུལ། དཀའ་ངལ་ཡོད་པའི་ཁ་གསབ་རོགས་དངུལ། སློབ་ཡོན་ཆག་ཡང་དང་རྩ་ཆག་སོགས་ཚུད་པའི་སྣ་མང་མཉམ་འདྲེས་ཀྱི་སློབ་སྐྱོར་སྲིད་ཇུས་མ་ལག་བཙུགས་པས། ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མའི་སློབ་ཞུགས་གོང་དང་། སློབ་ཞུགས་སྐབས། སློབ་ཞུགས་རྗེས་བཅས་ཀྱི“སེམས་ཁྲལ་མེད་པ་གསུམ”མངོན་འགྱུར་བྱུང་བ་དང་། ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་དབང་གིས་སློབ་མ་གཅིག་ཀྱང་སློབ་ཤོར་མི་ཡོང་བའི་འགན་ལེན་བྱུང་ཡོད།

    “སློབ་མ་དབུལ་པོར་མཐོ་རིམ་སློབ་གསོ་མྱོང་བར་རོགས་རམ་བྱས་ཏེ་ཤེས་བྱར་བརྟེན་ནས་ཁོ་ཚོའི་ལས་དབང་ལ་འགྱུར་ལྡོག་གཏོང་བ་དང་། མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པ། ཕུགས་ནས་དབུལ་སྒྲོལ་ས་ཁུལ་དུ་རིམ་པ་ཁག་དང་རིགས་ཁག་གི་ཤེས་ལྡན་པ་གསོ་སྐྱོང་བྱས་ནས། ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་དང་། རྒྱལ་ཁབ་ཀྱི་ཆེད་དུ་མི་སྣ་གསོ་སྐྱོང་། གྲོང་གསེབ་དར་རྒྱས་ཀྱི་ཆེད་དུ་སྟོབས་ཤུགས་གསོག་འཇོག་བཅས་བྱས་ཡོད”ཅེས་སློབ་གསོ་པུའི་འབྲེལ་ཡོད་འགན་འཁུར་བས་བརྗོད། 

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།