
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མཁའ་འགྲུལ་བཟོ་ལས་ཚོགས་པའི་འོད་གློག་ཆེད་ལས་ཀྱི་དམིགས་བསལ་ལག་རྩལ་རིགས་གཅིག་མཁས་ཅན་དབྱང་དབྱི་ནི་ཀྲུང་གོ་མཁའ་འགྲུལ་བཟོ་ལས་ཚོགས་པ་ཀུང་སི་ལོ་དབྱང་གློག་འོད་སྒྲིག་ཆས་ཞིབ་འཇུག་སུའོ་ཡི་ཚན་ཞིབ་ལས་དོན་པ་ཞིག་དང་རང་རྒྱལ་གྱི་དབྱིབས་མང་འཕྲུལ་འཁོར་གྱི་འོད་གློག་སྒྲིག་ཆས་ལྟེ་བའི་ལག་རྩལ་ཞིབ་སྤེལ་གྱི་སྔོན་སྐྱོད་པ་དང་གསར་གཏོད་པ་ཞིག་རེད། དབྱང་དབྱི་ཡིས་མཁའ་འགྲུལ་སྒྲིག་ཆས་བཟོ་སྐྲུན་ནི་ཚན་རྩལ་འདུས་ཚད་མཐོ་བ་དང་། ལག་རྩལ་གྱི་དཀའ་གནད་ཆེ་བ། ཐོན་ལས་འཁོར་འབྲེལ་རིང་བ། ཐོན་ལས་ཀྱི་འབྲེལ་བ་ཤུགས་ཆེ་བ་བཅས་ཡོད་པས་མཁའ་འགྲུལ་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་རྒྱལ་སྤྱིའི་འགྲན་ནུས་ཆེ་རུ་གཏོང་བར་རྒྱལ་ནང་གི་སྤུས་ལེགས་ཐོན་ཁུངས་དེ་བས་མང་བ་མཁའ་འགྲུལ་སྒྲིག་ཆས་འཁོར་འབྲེལ་ནང་བསྡུ་ལེན་བྱེད་དགོས། མཁའ་འགྲུལ་སྒྲིག་ཆས་བཟོ་སྐྲུན་ལས་རིགས་འདི་ཉིད་རྒྱལ་ཁབ་ཀྱི་དངོས་ཚན་དཔལ་འབྱོར་གྱི་ཀ་རྟེན་ལྟ་བུའི་ཐོན་ལས་ཤིག་ཡིན་པའི་ངོས་ནས་སྐྱེད་སྲིང་དང་འཕེལ་རྒྱས་བཏང་སྟེ་ཐོན་ལས་དེ་བས་མང་བའི་རིམ་སྤོར་རབས་བརྗེར་ཁྲིད་སྟོན་དང་ཚན་རྩལ་གསར་གཏོད་ལ་སྣེ་ཁྲིད་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད། འདི་ནི་ཀྲུང་གོ་མཁའ་འགྲུལ་བཟོ་ལས་ཚོགས་པ་ཀུང་སི་ལོ་དབྱང་གློག་འོད་སྒྲིག་ཆས་ཞིབ་འཇུག་སུའོ་རུ་དབྱང་དབྱི(གཡོན)ཡིས་སློབ་མ་ཚོར་འོད་གློག་སུའོ་ཡི་ལག་རྩལ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ངོ་སྤྲོད་གནང་བཞིན་པ།