རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོགས་རར་ཕེབས་བཞིན་པ།
དཔྱིད་ཀ་ཤར་བ་དང་སྦྲགས་ཀྲུང་ཧྭའི་ས་གཞི་ཆེན་པོར་ཚོགས་འདུ་གཟབ་རྒྱས་འཚོག་འགོ་ཚུགས་པ་རེད། རྒྱལ་ཡོངས་མི་དམངས་ཀྱི་མངགས་བཅོལ་དང་རེ་སྒུག་བསྣམས་ཏེ། རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་མཉམ་དུ་ཚོགས་འདུ་གཟབ་རྒྱས་ལ་ཞུགས་ནས་འཐུས་མི་དང་ཨུ་ཡོན་གཞན་དག་དང་ལྷན་དུ་མི་དམངས་མང་ཚོགས་དང་སྤྱི་ཚོགས་ལས་རིགས་ཁག་གི་རེ་འདོད་རྒྱལ་ཁབ་ཀྱི་དོན་གྲོས་ཀྱི་ཉིན་རེའི་གྲོས་རིམ་དུ་འཇུག་ཅིང་ཐབས་དང་ཇུས་ཧུར་ཐག་འདོན་པ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཕེལ་རྒྱས་ཀྱི་ཇུས་ཆེན་ལ་མཉམ་དུ་གྲོས་བསྡུར་གནང་ནས་ཀྲུང་གོའི་ལྟེ་གཅིག་སྒོར་མོ་ཆེ་ཤོས་དེ་ཧུར་ཐག་འབྲི་བཞིན་ཡོད།
འདི་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ལོ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་འགོ་འཛུགས་ཀྱི་ལོ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པ་འབྱེད་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་འགོ་འཛུགས་ཀྱི་ལོ་བཅས་ཡིན་ལ། བོད་ལ་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་ལོ་ཡང་ཡིན་པ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་བ་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་པར་ལྕག་སྐུལ་གཏོང་བའི་ལོ་ཞིག་དེ་བས་ཀྱང་རེད།
ཚོགས་འདུའི་རིང་། འཐུས་མི་དང་ཨུ་ཡོན་ཚོས་ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོ་དང་བསམ་པའི་ཉམས་འགྱུར་བཟང་པོར་བརྟེན་ནས་རང་འགན་གཙང་སྒྲུབ་ཧུར་ཐག་བྱས་ཏེ། གང་བསམ་ལྷུག་གླེང་ཁྲོད་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་དང་བློ་བསྡུས་དགེ་འཚོལ་ཁྲོད་ཁ་ཕྱོགས་གསལ་སྟོན་བྱས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོཌ་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་ཆེད། བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་རེད།
ཟླ་3ཚེས་5ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་པ།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒོར་སྒོར་གྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་ཆུང་ཁག་བགོས་ཀྱི་གྲོས་ཞིབ་ཚོགས་འདུའི་ཐོག་གཏམ་བཤད་གནང་བཞིན་པ།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒྲོལ་དཀར་གྱིས་བཞུགས་གནས་སུ་ཚོགས་འདུར་གྱོན་པའི་མི་རིགས་ཀྱི་གྱོན་ཆས་གྲ་སྒྲིག་གནང་བཞིན་པ།
རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་འགོ་ཚུགས་ཚོགས་འདུ་འཚོགས་རྗེས། ཚོགས་འདུར་ཞུགས་མཁན་རང་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་ཚོགས་རའི་ཕྱི་རོལ་ཏུ་དྲན་རྟེན་མཉམ་ཞུགས་སྐུ་པར་སྒྲོན་བཞིན་པ།
རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ལྗོངས་ཕྱི་ནང་གི་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་གནང་བཞིན་པ།
ཟླ་3ཚེས་4ཉིན་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་པ།