དབུ་ཤོག>ཆེད་སྒྲིག
  • གསར་བརྗེའི་ཡུལ་སྐོར་ཐོན་ཁུངས་སྲུང་སྐྱོང་ནུས་ལྡན་དང་གསར་སྤེལ་ལུགས་མཐུན་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-03-05

    “མཐའ་མཚམས་མི་རིགས་ས་ཁུལ་གྱི་ཕུན་སུམ་ཚོགས་པའི་གསར་བརྗེའི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་གསར་བརྗེའི་རིག་གནས་དང་གསར་བརྗེའི་ཡུལ་སྐོར་སྔོག་འདོན་དང་། ལེགས་སྒྲིག གསར་སྤེལ་བཅས་ཤུགས་ཆེན་བྱས་ཚེ། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རིང་རྒྱལ་ཁབ་ལ་བཅངས་པའི་མོས་སེམས་ཆེ་རུ་གཏོང་བར་ཕན་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་བརྟན་དུ་གཏོང་ཐུབ”ཅེས་བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བོད་ལྗོངས་སློབ་ཆེན་ཀྲུང་གོ་གྲངས་ཉུང་མི་རིགས་དཔལ་འབྱོར་ཆེད་ལས་ཀྱི་འབུམ་རམས་ཞིབ་འཇུག་སློབ་མའི་སློབ་དཔོན་ཐུབ་བསྟན་མཁས་གྲུབ་ཀྱིས་པེ་ཅིང་དུ་རྒྱལ་ཡོངས་ཚོགས་འདུ་གཉིས་ལ་མ་ཞུགས་གོང་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་དེ་ལྟར་གསུངས།

    འདས་ཟིན་པའི་ལོ་གཅིག་རིང་ཐུབ་བསྟན་མཁས་གྲུབ་ཀྱིས་ཚོགས་པའི་སྣེ་ཁྲིད་དེ་སྤུ་ཧྲེང་དང་། གྲོ་མོ། རྫ་ཡུལ་སོགས་རང་ལྗོངས་ཀྱི་མཐའ་མཚམས་རྫོང་དང་ཆུས་ཚང་མར་བསྐྱོད་པ་དང་། ནང་ས་ནས་བོད་དུ་དམག་སྐུལ་དང་ལེན་ཞུ་བར་ཡོང་བའི་ན་གཞོན་དམག་མི་མི་ཉུང་བ་ཞིག་གིས་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སྲུང་ཆེད་རང་སྲོག་བློས་བཏང་བ་དང་སྐུ་ཕུང་ཡང་མཚོ་བོད་ས་མཐོར་བཞག་པ་ཤེས་ཡོད། ཁོང་གིས“སྔོན་གཤེགས་དཔའ་བོ་དེ་དག་གིས་རང་སྲོག་བློས་གཏོང་དང་ལེགས་སྐྱེས་ཕུལ་བས། ང་ཚོར་གཞི་ནས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་བྱུང་ཡོད། ཁོང་ཚོ་ནི་མི་ཚང་མས་སེམས་ནང་ངེས་དགོས་པ་དང་བཀའ་དྲིན་སྙིང་བཅངས་བྱེད་དགོས་པ་ཤ་སྟག་རེད”ཅེས་གསུངས།

    འདི་ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ལ་ཐུབ་བསྟན་མཁས་གྲུབ་ཀྱིས་གྲོས་འགོ་མང་པོ་གྲ་སྒྲིག་བྱས་ཡོད། རང་རྒྱལ་གྱི་མཐའ་མཚམས་མི་རིགས་ས་ཁུལ་གྱི་གསར་བརྗེའི་ཡུལ་སྐོར་ཐོན་ཁུངས་སྔར་བས་སྔོག་འདོན་དང་ལེགས་སྒྲིག་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་གྲོས་འགོ་ནི་དེའི་ཁྲོད་ཀྱི་གཅིག་རེད།

    ལོ་30ལྷག་ཙམ་དགེ་རྒན་གནང་རིང་། ཐུབ་བསྟན་མཁས་གྲུབ་ཀྱིས་མི་རིགས་མཐུན་སྒྲིལ་སློབ་གསོར་ཤུགས་སྣོན་རྒྱག་པའི་ཞིབ་འཇུག་བྱ་གཞིར་ཐོག་མཐའ་བར་གསུམ་དུ་དོ་ཁུར་གནང་གི་ཡོད། 2019ལོར་ཁོང་དང་ཁོང་གི་འབུམ་རམས་པའི་ཚོགས་པས《བོད་རང་སྐྱོངས་ལྗོངས་ཀྱི་གསར་བརྗེའི་ཡུལ་སྐོར་འཕེལ་རྒྱས་ཀྱི་བརྟག་ཞིབ་སྙན་ཞུ》ལེགས་གྲུབ་བྱས་ཡོད། ཐུབ་བསྟན་མཁས་གྲུབ་ཀྱིས“བོད་ཀྱི་གསར་བརྗེའི་ཡུལ་སྐོར་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པས་ཐོན་ཁུངས་སྔོག་འདོན་དང་གསར་སྤེལ་གང་ལེགས་བྱས་ན་མི་རིགས་ཁག་གི་མང་ཚོགས་ཚོའི་རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་འཕེལ་བར་ཕན་པ་ཡོད་ལ་མི་རིགས་དབར་གྱི་མཛའ་གཅུགས་ཟབ་ཏུ་འགྲོ་ཐུབ་པའི”ངོས་འཛིན་གནང་གི་ཡོད།

    2004ལོར་གསར་བརྗེའི་ཡུལ་སྐོར་དེ་ཉིད་ཡུལ་སྐོར་གྱི་ཐོན་ཁུངས་གསར་པར་བརྩིས་ནས་དངོས་སུ་སྔོག་འདོན་དང་ལེགས་སྒྲིག་བྱས་ཡོད། ལོ་17རིང་འཕེལ་རྒྱས་བཏང་བ་བརྒྱུད་གསར་བརྗེའི་ལོ་རྒྱུས་རིག་གནས་ཐོན་ཁུངས་འབོར་ཆེན་ལ་སྲུང་སྐྱོབ་ནུས་ལྡན་དང་གསར་སྤེལ་ལུགས་མཐུན་བྱུང་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“གསར་བརྗེའི་ཞབས་རྗེས”མེས་རྒྱལ་གྱི་ས་ཕྱོགས་གང་སར་ཁྱབ་པ་དང་གསར་བརྗེའི་ཡུལ་སྐོར་འཕེལ་རྒྱས་དང་གསར་བརྗེའི་རིག་གནས་རྒྱུན་འཛིན་བྱེད་རྒྱུའི་ཐད་རྣམ་བཤད་གལ་ཆེན་རབ་དང་རིམ་པ་སྤེལ་གནང་ནས་དུས་རབས་གསར་པའི་གསར་བརྗེའི་ཡུལ་སྐོར་ལས་དོན་ཡག་པོ་འགྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་མཁོ་འདོན་གནང་ཡོད།

    ཐུབ་བསྟན་མཁས་གྲུབ་ཀྱིས་རང་ལྗོངས་ལ་རྒྱལ་གཅེས་རིང་ལུགས་ཀྱི་ཡུལ་སྐོར་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། འོན་ཀྱང་མིག་སྔར་སྔོག་འདོན་དང་བེད་སྤྱོད་ཐད་ད་དུང་ཤུགས་སྣོན་རྒྱག་དགོས་ཀྱི་ཡོད། ཐོན་ཁུངས་འདི་དག་བེད་སྤྱོད་ཡག་པོ་བྱས་ན་མི་རིགས་ཁག་གི་ཁོངས་མིས་ཐུན་མོང་གི་ཐོབ་ཐང་ཡིན་པའི་ཀྲུང་ཧྭ་མི་རིགས་ལ་བཅངས་པའི་མོས་སེམས་དེ་བས་ཆེ་རུ་འགྲོ་རྒྱུར་ཕན་པ་ཡོད་པའི་ངོས་འཛིན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།