དབུ་ཤོག>ཆེད་སྒྲིག
  • ཀྲུང་གོའི་དབུལ་སྒྲོལ་གྲུབ་འབྲས་ཀྲུང་གོ་དང་འཛམ་གླིང་གཉིས་ཀར་དབང་ཡོད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-03-03

    ཚེས་1ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་དབང་ཝུན་པིན་གྱིས། ཀྲུང་གོའི་དབུལ་སྒྲོལ་གྲུབ་འབྲས་ཀྲུང་གོར་དབང་བ་མ་ཟད་འཛམ་གླིང་ལའང་དབང་ཡོད། རིགས་པའི་གཞུང་ལུགས་དང་ལག་ལེན་ནས་རྒྱལ་སྤྱིའི་དབུལ་པོ་ཉུང་གཏོང་གི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཁག་དང་མཉམ་དུ་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་དབུལ་པོ་སེལ་རྒྱུར་ནུས་པས་ལྕོགས་ཚོད་ཀྱི་རོགས་རམ་བྱེད་འདོད་ཡོད་ཅེས་བརྗོད།

    ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག དབང་ཝུན་པིན་གྱིས་བརྗོད་དོན། ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན·ཧན་གྱིས་ཀྲུང་གོའི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ལ་གདེང་འཇོག་ཡག་པོ་བྱས་པ་ང་ཚོར་དོ་སྣང་བྱུང་ལ། ཀྲུང་གོར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཐུན་སྦྱོར་བ་ཁྲང་ཆི་ཏེ་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བས་ཀྱང་ཀྲུང་གོའི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ཀྱིས་འཛམ་གླིང་ལ་བློ་སྒོ་གལ་ཆེན་ཕྱེ་བ་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་སྣེ་ཁྲིད་ནས་བྱུང་བའི་ཆོད་སེམས་དང་བྱ་སྤྱོད་སྤེལ་ཤུགས་ནི་ཉམས་མྱོང་ཨང་དང་པོ་རེད་ཅེས་བརྗོད་པ་ཡང་ང་ཚོར་དོ་སྣང་བྱུང་།

    དབང་ཝུན་པིན་གྱིས་བརྗོད་དོན། དབུལ་པོ་དབུལ་རྐྱང་སེལ་བ་ནི་ཀྲུང་གོའི་དམངས་འཚོ་ལེགས་གཏོང་གི་ལམ་ཚད་རྡོ་རིང་དང་། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས། མིའི་རིགས་ཀྱི་ཡར་ཐོན་བྱ་གཞག་གི་བརྗིད་ཆེའི་ལེའུ་བཅས་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཀྲུང་གོར་ཆ་སྙོམས་ལོ་རེར་མི་ཁྲི་1000ལྷག་ཙམ་དབུལ་སྒྲོལ་ཐུབ་པ་དེ་ནི་རྒྱལ་ཁབ་འབྲིང་གྲས་ཤིག་གི་མི་འབོར་དབུལ་སྒྲོལ་ཐུབ་པ་དང་ཧ་ལམ་མཚུངས་པ་དང་། ཆ་སྙོམས་སྐར་ཆ་གསུམ་རེར་མི་གཅིག་དབུལ་པོའི་གནས་ལས་བསྒྲལ་ཡོད། ད་ལྟ་ལག་བསྟར་བྱེད་བཞིན་པའི་དབུལ་པོའི་ཚད་གཞི་ལྟར་བརྩིས་ན། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཀྲུང་གོའི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དུང་ཕྱུར་7.7དབུལ་པོའི་གནས་ལས་བསྒྲལ་བ་དང་། འཛམ་གླིང་དངུལ་ཁང་གི་རྒྱལ་སྤྱིའི་དབུལ་པོའི་ཚད་གཞི་ལྟར་ན། ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་མི་འབོར་གྱིས་དུས་མཚུངས་ཀྱི་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་གི་མི་འབོར་གྱི་70%ཡན་བཟུང་ཡོད། རྒྱལ་ཁབ་གཅིག་གིས་དུས་ཐུང་དེ་འདྲའི་ནང་མི་འབོར་དུང་ཕྱུར་ཁ་ཤས་དབུལ་སྒྲོལ་ཐུབ་པ་ནི་མི་ཡུལ་གྱི་ངོ་མཚར་ཞིག་རེད།

    དབང་ཝུན་པིན་གྱིས་བརྗོད་དོན། དབུལ་པོ་དབུལ་རྐྱང་སེལ་བ་ལས་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལྟེ་བར་འཛིན་ནས། རྒྱལ་ཡོངས་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་ཡོང་བ་བྱ་རྒྱུ་དེ་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་བབས་སར་བྱེད་པའི་སྲིད་སྐྱོང་གི་འདུ་ཤེས་མངོན་པ་མ་ཟད། ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་སྟོབས་ཤུགས་གཅིག་སྡུད་བྱས་ནས་བྱ་བ་ཆེན་པོ་བསྒྲུབས་པའི་ཆབ་སྲིད་ཀྱི་ལེགས་ཆ་ཡང་མངོན་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག རྒྱལ་ཡོངས་ཀྱིས་མི་རྒྱུ་དངུལ་གསུམ་འབོར་ཆེན་དབུལ་སྒྲོལ་འགག་སྒྲོལ་ལ་བཏང་བའི་ཁྲོད། རིམ་རྩིས་བྱས་ན་གྲོང་སྡོད་ལས་དོན་རུ་ཁག་ཁྲི་25.5དང་། ཧྲུའུ་ཅི་ཨང་དང་པོ་དང་གྲོང་སྡོད་ལས་བྱེད་པ་ཁྲི་300ལྷག་ཙམ་བཏང་ནས། ཤང་དང་གྲོང་རྡལ་གྱི་ལས་བྱེད་པ་ཁྲི་200ཙམ་དང་གྲོང་ཚོའི་ལས་བྱེད་པ་ཁྲི་བརྒྱ་ཕྲག་ཁ་ཤས་དང་མཉམ་དུ་དབུལ་སྐྱོར་གྱི་འཐབ་ས་དང་པོར་འབད་འཐབ་བྱས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།